དོན་འགྲུབ་ཚེ་བརྟན། 2016-05-03
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཟླ་ལྔ་བའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་དམིགས་བསལ་ཕོ་ཉ་ཞེ་ཧི་ཨེ་ཧཱ་མེད་ཏི་ལ་བརྡ་བཏང་སྟེ། ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པའི་དབང་གིས་ཡེ་མིན་སྲིད་གཞུང་ཕྱོགས་ཁི་ཝེ་ཐིའི་ཞི་བའི་གྲོས་མོལ་ལ་ཞུགས་མཚམས་འཇོག་རྒྱུ་ཡིན་ཟེར།
མིང་བཤད་མི་འདོད་པའི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཁྲིད་པའི་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་མཱ་ལེ་ཁི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉར་དངོས་སུ་བརྡ་བཏང་སྟེ། ཧུའུ་སེ་དྲག་ཆས་པས་ཨ་མུའུ་ལན་ཞིང་ཆེན་ནས་ཐཱ་དབྱེ་ཙི་ཞིང་ཆེན་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་པ་དང་། ཡེ་མིན་སྲིད་གཞུང་ཕྱོགས་ཞི་བའི་གྲོས་མོལ་ལ་ཞུགས་མི་སྲིད་ལ། ཧུའུ་སེ་དྲག་ཆས་པའི་རྒྱུན་ཆད་མེད་པའི་དམག་དོན་འགུལ་སྐྱོད་དང་མེ་སྒྱོགས་ཀྱི་འཇབ་རྒོལ་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཡེ་མིན་སྲིད་གཞུང་གི་ཨ་མུའུ་ལན་ཞིང་ཆེན་དུ་ཡོད་པའི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་ཏེ། དམག་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་དང་། མཚོན་ཆ་ཆེ་གྲས་མང་བོ་འཕྲོག་ཟེར།
དེའི་སྔོན་ཞེ་ཧི་ཨེ་ཧཱ་མེད་ཏི་ཡིས་བསྟན་དོན། ཡེ་མིན་གནད་དོན་དེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་ཐབས་མེད་པ་དང་། བྲེལ་མྱུར་གྱིས་བཏོན་པའི་ཇུས་གཞི་དེར་ཞན་ཆ་ཡོད་པ་དང་ཡུན་རིང་མི་སྲིད་ཟེར།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ