དཀར་མཛེས་ཀྱི་དུས་སྟོན་གསུམ་གཉེར་འགོ་ཚུགས་ལ་ཉེ།

        2016-05-04

 དཀར་མཛེས་ཀྱི་དུས་སྟོན་གསུམ་གཉེར་འགོ་ཚུགས་ལ་ཉེ།

  ད་ལོའི་སྤྱི་ཟླ་8པའི་ཚེས་9ཉིན་ནས་བཟུང་། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དང་སྐབས་བདུན་པའི་ཀྲུང་གོ་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན། དཀར་མཛེས་རི་ཁུལ་ཡུལ་སྐོར་དུས་ཆེན་གཙོར་བྱས་པའི་དུས་སྟོན་ཆེན་མོ་གསུམ་གྱི་རིག་རྩལ་བྱེད་སྒོ་ཆེན་མོ་ཚོགས་ར་གཙོ་བོ་དཀར་མཛེས་ནས་གཟབ་རྒྱས་ངང་འཚོགས་རྒྱུ་རེད།  ཟླ་4པའི་ཚེས་27ཉིན་གྱི་སྔ་དྲོར། དུས་སྟོན་གསུམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་དཀར་མཛེས་ཁུལ་གྱི་2016ལོའི་རིག་རྩལ་བྱེད་སྒོ་གལ་ཆེན་ཡིན་པའི་ཆ་ནས་ཐེངས་དང་པོར་བསྡུ་སྒྲིལ་བྱས་ནས་མི་འགྱངས་པར་གཉེར་རྒྱུ་ཡིན་པའི་དུས་སྟོན་ཆེན་མོ་གསུམ་དེས་ཟླ་5པ་ནས་ཟླ་8པའི་བར་དུ་བྱེད་སྒོ་གཙོ་གྲས་སུ་སྤེལ་པའི་མཐོ་རླབས་དུས་སྐབས་བསུ་རྒྱུ་རེད། ཡོངས་བསྒྲགས་ཚོགས་འདུའི་སྟེང་གི་གནས་ཚུལ་ལས་མངོན་པར་ལྟར་ན། ད་ལོར། དཀར་མཛེས་ཁུལ་གྱིས་སྒེར་འཁོར་ཡུལ་སྐོར་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེབས་བྱ་རྒྱུ་ཡིན་ལ། ལོ་ཧྲིལ་པོར་ཡུལ་སྐོར་གསང་སྤྱོད་70དང་། སྒེར་འཁོར་སྒར་ས་9དང་། ཡུལ་ལྗོངས་ལྟ་གནས་30འཛུགས་སྐྲུན་བྱ་བའི་འཆར་གཞི་ཡོད།

  • ལེ་ཚན་སྔོན་མ།:ལུང་རིན་ཆེན་གྱི《བོད་ཡུལ་གཅེས་བསྡུས》ཞེས་དེབ3པར་དུ་བསྐྲུན་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཚད་གཞི་མཐོན་པོའི་ས་ཞིང་མུའུ་ཁྲི2000བསྐྲུན་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།