མཚོ་སྔོན་ཡུལ་ཤུལ་གྱིས་སྤྱི་པའི་རྐང་འཁོར་གྲོང་མིར་གཡར་བའི་ཞབས་འདེགས་བྱེད་སྒོ་སྤེལ།

        2016-04-27

ཟླ་བ4པའི་ཚེས20ཉིན།  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་སྤྱི་པའི་རྐང་འཁོར་གྲོང་མིར་གཡར་ཏེ་ཞབས་འདེགས་ཞུ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།  གྲོང་ཁྱེར་ཡོངས་ཀྱི་ཁོངས་སུ་སྤྱི་པའི་རྐང་འཁོར་འཇོག་ས11བཙུགས་ཏེ་རྐང་འཁོར180བཀོད་སྒྲིག་བྱས་ཡོད་ལ་གཙོ་བོ་སྐྱེ་དགུ་ཁྲོམ་ལམ་ཆེན་པོ་དང་དམངས་གཙོ་ཁྲོམ་ལམ་གྱི་གཙོ་གནད་ཁྲོམ་ལམ་དུ་བཀོད་སྒྲིག་བྱས་ཡོད།  པར་འདི་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་རྐང་འཁོར་འཇོག་ས་ཞིག་ཏུ་རྐང་འཁོར་གཡར་མཁན་གྲོང་མི་ཞིག་གིས་རྐང་འཁོར་ཕྱིར་སྤྲོད་བཞིན་པའི་ཚུལ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བདུན་པ་བརྒྱུད་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཞིས་ཅིན་ཕིང་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུར་ཕེབས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།
  • དོ་སྣང་ཆེ་བའི་རྩོམ།