མཚོ་སྔོན་ཞིང་ཆེན་གྱིས་སྤྱོད་གོ་ཆོད་པའི་གསོ་ཚགས་ལག་རྩལ་གསར་པ་སྤྱད་དེ་ཞིང་འབྲོག་པར་ཞབས་འདེགས་ཞུས།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2016-04-20

མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་འབྲོག་ལས་རིགས་ཀྱི་ཚན་རྩལ་བྱང་ཚད་སྔར་བས་མཐོ་རུ་དང་། ཞིང་འབྲོག་ལས་རིགས་ཀྱི་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ། ཐོན་ལས་ལས་སྟེགས་ཀྱི་ལག་རྩལ་འདེགས་སྐྱོར་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་མཚོ་སྔོན་ཞིང་ཆེན་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གིས་སྒྲིག་འཛུགས་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི་ནོར་ལུག་གཟན་རྩྭ་གསུམ་གྱི་ལས་སྟེགས་བཅས་ཀྱིས་གྲོང་གསེབ་ཏུ་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ”དེ་ཉེ་ཆར་ཟི་ལིང་དུ་སྤེལ་བ་རེད།
  “ལས་སྟེགས”དེ་དག་གིས་རྫོང་ཁག་གི་གཞི་རིམ་གྱི་ལག་རྩལ་དགོས་མཁོ་དང་ཟུང་འབྲེལ་གྱིས“གྲོང་ཚོ་དང་དུད་ཚང་དུ་ཚན་རིག་ཁྱབ་གདལ་བཏང་ནས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱེད་རྒྱུ”བརྗོད་བྱ་གཙོ་བོ་དང་། གསོ་ཚགས་དུད་ཚང་དང་འདེབས་འཛུགས་དུད་ཚང་གི་ལག་རྩལ་དགོས་མཁོ་སྐོང་རྒྱུ་འགོ་འཛུགས་སར་བཟུང་སྟེ་སྲིད་ཇུས་སྒྲོག་འགྲེལ་ཆེན་མོ་དང་། ལག་རྩལ་ཞབས་ཞུ་ཆེན་མོ། དགོས་མཁོ་རྟོག་ཞིབ་ཆེན་མོ་བཅས་བྱས་ནས། སྤྱོད་གོ་ཆོད་པའི་ལག་རྩལ་གསར་པ་དང་། འཕྲུལ་ཆས་གསར་པ། བཟོ་རྩལ་གསར་པ། གསོ་ཚགས་བྱེད་སྟངས་གསར་པ་བཅས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། བེད་སྤྱོད་ཐུབ་ཅིང་ཕན་འབྲེལ་ཆེ་བའི་ལག་རྩལ་དག་ཞིང་འབྲོག་པའི་ཐོན་སྐྱེད་ཁྲོད་ཧུར་ཐག་སྤྱོད་དུ་བཅུག་ནས་ཡོང་འབབ་ཆུ་ཚད་མཐོ་རུ་བཏང་བ་རེད། བྱེད་སྒོའི་ཁྲོད་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ནོར་ལུག་དང་གཟན་རྩྭའི་སྐོར་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་འགྲེལ་བཤད་བརྒྱབ་ནས་ངོ་ཐུག་གདོང་འཕྲད་ཀྱིས་ལག་རྩལ་ཞབས་ཞུ་བསྒྲུབས་པར་ཞིང་འབྲོག་པའི་ལག་རྩལ་དགོས་མཁོའི་གནས་ཚུལ་ཞུ་ཡིག300ལྷག་ཙམ་འབྱོར་པ་རེད། ཇི་ལྟར་བྱས་ནས་ཞིང་ཆེན་དང་། རྫོང་། ཤང་བཅས་རིམ་གསུམ་ལས་སྟེགས་སྦྲེལ་མཐུད་གཞི་གཅིག་ཅན་ལ་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་ཞབས་ཞུའི་མཐའ་མའི་འགག་གནད་གནད་དོན་ཐག་གཅོད་བྱེད་རྒྱུར་དམིགས་ནས། དཔེ་སྟོན་དུད་ཚང་དང་། རྫོང་རིམ་པའི་ལས་སྟེགས། ཞིང་ཆེན་རིམ་པའི་ལས་གནས་རིགས་གཅིག་མཁས་ཅན་བཅས་རིམ་པ་ཁག་དང་རིགས་ཁག་གི་གྲོས་འགོ33ས་གནས་ས་ཐོག་ཏུ་འཚོལ་བསྡུ་བྱས་ནས་གོམ་སྟབས་རྗེས་མར་ལས་སྟེགས་སྦྲེལ་མཐུད་གཞི་གཅིག་ཅན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐག་གཅོད་བསམ་ཕྱོགས་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།། 
  • ལེ་ཚན་སྔོན་མ།:ཁྱིམ་གཞིས་བསྐྱར་འཛུགས་བྱས་རྗེས་ཀྱི་ཡུལ་ཤུལ་གསར་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་ཞིང་ཆེན་ཡོངས་ལ་གཞི་ཁྱོན་ཆེ་བའི་ལྗང་འགྱུར་བྱ་སྤྱོད་སྤེལ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།