བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུ།

    མཚོ་སྔོན་པོ་དྲ་བ།    2016-04-01

བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུ།

     གངས་རྩེ་ཁང་ས་ཚད་ཡོད་འགན་ལེན་ཀུང་ཟིའི་སྦྱིན་བདག་སྐུ་ཞབས་ཚེ་རིང་དོན་གྲུབ་ཀྱིས་མ་དངུལ་བཏང་སྟེ། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་བསྡུར་དེ2015ལོའི་ཟླ9བའི་ཚེས1ནས2016ལོའི་ཟླ6པའི་ཚེས1བར་སྤེལ་རྒྱུ་ཡིན།

བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུ།

     ད་ཐེངས་ཀྱི་རྩོམ་ཡིག་འགྲན་བསྡུར་གྱི་ཁ་བྱང་ལ་ང་ཚོའི་ན་ཚོད་འདིར་ཞེས་གཏན་ལ་ཕབ་ཡོད་ཅིང་། རྒྱ་ཆེའི་སློབ་གྲོགས་རྣམས་ཀྱིས་གཤམ་གྱི་རྒྱུ་ཆ་འདི་བཀོལ་ནས་རྩོམ་ཡིག་བྲི་རོགས།
     དེ་ཡང་ལོ་བཅོ་ལྔ་བཅུ་དྲུག་ནི་ལང་ཚོའི་མེ་ཏོག་བཞད་པའི་དུས་སྐབས་ཡིན་ལ། དུས་སྐབས་དེའི་ང་ཚོ་ནི་རྣམ་དག་དང་ཡིད་ཆེས། ཧུར་བརྩོན་དང་རེ་བཞག་གིས་ཁེངས་པ་ཞིག་ཀྱང་ཡིན། དེ་ཡང་ཕ་མ་དང་གཉེན་ཉེ། སློབ་གྲོགས་དང་དགེ་རྒན་དག་ལ་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་དང་། ཡང་ན་ཤེས་བྱར་བརྩོན་པ་སྐྱེད་སྐབས་སམ་བྱ་འགུལ་སྣ་ཚོགས་ལ་ཞུགས་པའི་གོ་རིམ་ཁྲོད། ང་ཚོས་འཚོ་བའི་ཀློང་ན་རྒྱལ་ཁ་དང་ཕམ་ཁ། དགའ་སྤྲོ་དང་སྐྱོ་གདུང་སོགས་དུས་མཉམ་དུ་ཡོད་པ་ཚོར་མགོ་བརྩམས། ང་ཚོས་དེ་དག་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་ཤེས་སོང་བའི་དུས་མཚུངས་སུ། རང་གི་དྲིན་གཟོ་དང་འགན་འཁྲིའང་ཞར་ལ་རྟོགས་སོང་། ན་ཚོད་འདིའི་སྐབས་ལ།  ང་ཚོས་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་ཐོག་མར་འབྲི་མགོ་བརྩམས་པའང་ཡིན།
རེ་འདུན།
1 རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་བྲི་ཆོག
2 སྤོབས་པ་ཆེར་བསྐྱེད་སྒོས་རང་ཉིད་ལ་བྱང་ཆ་ཡོད་པའི་རྩོམ་ལུས་བདམས་ཏེ་རྩོམ་ཡིག་ཕྲིས།
3 བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་གྱི་རྩོམ་ཡིག་ཇི་བཞིན་དུ་བཤུ་འབྲི་བྱ་མི་རུང་།

                                                     ཞེས《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་ནས།

 
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:༼ ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ ༽པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།