ཡུས་ཀྲིན་ཧྲིན་གྱིས་ཅི་ལིན་ཞིང་ཆེན་དུ་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-04-01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཅི་ལིན་གྱི་བྱ་བར་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་སྲ་བརྟན་དུ་འཛུགས་པ་དང་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རང་རྒྱལ་གྱི་རྩ་བའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པ། འབད་བརྩོན་ལྷོད་མེད་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏང་བར་མགོ་བཟང་བོ་ཞིག་རྩོམ་དགོས། ཟླ་དེའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུའི་བར། ཡུས་ཀྲིན་ཧྲིན་སྔ་རྗེས་སུ་ཅི་ལིན་ཡན་པེན་ཁྲའོ་ཞན་མི་རིགས་རང་སྐྱོང་ཁུལ་དང་ཁྲང་ཁྲོན་གྲོང་ཁྱེར་གཉིས་སུ་ཕེབས་ཏེ། ཁེ་ལས་ཀྱི་འཁོར་ཁང་དང་གཞི་རིམ་གྱི་གཞིས་ཁུལ། མི་རིགས་ཀྱི་སྡེ་བ་དང་གྲོང་རྡལ། སློབ་གྲྭ་དང་སྨན་ཁང་བཅས་སུ་ཟབ་ཞུགས་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཐབས་ཇུས་ལ་འབད་བརྩོན་བྱ་དགོས་ཞེས་གསུངས། བརྟག་དཔྱད་ཞིབ་འཇུག་གི་སྐབས་སུ། ཡུས་ཀྲིན་ཧྲིན་གྱིས་ད་དུང་ཅི་ལིན་ཞིང་ཆེན་གྱི་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས།

ཡུས་ཀྲིན་ཧྲིན་གྱིས་ནམ་ཡང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ཐུགས་སུ་བཅགས་ཡོད་དེ། ཡན་ཅི་གྲོང་ཁྱེར་གྱི་ཏན་ཧྲན་གཞིས་ཁུལ་ནས་ཁོང་གིས་གཞིས་ཁུལ་ལས་བྱེད་པ་དང་དེར་ལས་དོན་བསྒྲུབ་ཏུ་འོང་བའི་མང་ཚོགས་ལ་སྙིང་ཉེ་བའི་སྒོ་ནས་གླེང་མོལ་བྱས་ཏེ། ཁོང་གིས་ས་དེའི་གཞི་རིམ་ཏང་འཛུགས་བྱ་བར་ཤུགས་སྣོན་དང་། དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པར་མ་ཟད། ཤུགས་ཆེན་པོས་སློབ་གསོ་དང་སྨན་བཅོས། རྒན་གསོ། དབུལ་སྐྱོར་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།  །

 
  • ལེ་ཚན་སྔོན་མ།:རྔ་བའི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་དངོས་སུ་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།