ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར200ལྷག་བཏང་ནས་བོད་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་ལ་རོགས་རམ་བྱས་ཤིང་ཞིང་འབྲོག་མི་དམངས་ཁྲི180ལ་ཕན་ཐོགས།

དངོས་སྦྱོང་སློབ་མ་བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།        2016-03-20

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ3ཚེས་13ཉིན་འབྱོར་བའི་གཏམ་གསར།ཉེ་བའི་ལོ་ལྔའི་ནང་ཀྲུང་དབྱང་གིས་བོད་ལྗོངས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར223འཇོག་ཡོད་ལ།ས་དེ་གའི་ཞིང་འབྲོག་མི་དམངས་ཁྲི180ལ་དངོས་སུ་ཕན་ཐོགས་པ་དང་།འབྲུ་རིགས་ཀྱི་ཐོན་ཚད་བརྟན་པོ་དང་ཞིང་འབྲོག་ས་ཁུལ་གྱི་འཐུང་ཆུ་གཙང་མ།རྒྱང་རིང་གི་ལུང་ཁུག་ས་ཁུལ་གྱི་གློག་སྤྱོད་སོགས་ཀྱི་དམངས་འཚོའི་དཀའ་གནད་ལ་འགན་སྲུང་ཡག་པོ་བྱས་པ་རེད།
  གསར་འགོད་པས་ཉེ་ཆར་བོད་རང་སྐྱོང་ཁུལ་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་དོན།ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་སྟེ།བོད་ལྗོངས་ཀྱི་ཆུ་འདྲེན་ནུས་ཤུགས་སྨི་ལྷམ་པ་དུང་ཕྱུར7གསར་སྣོན་བྱུང་བ་དང་།ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི149.8དང་ནགས་རྩྭ་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི97.9གསར་སྣོན་དང་ལེགས་བཅོས་བྱས་ནས་འབྲུ་རིགས་ཏུན་ཁྲི100ཐོན་ཚད་བརྟན་པོ་བྱུང་བར་རྨང་གཞི་འདིང་བ་རེད།དེ་མིན།ཞིང་སྡེའི་མི་འབོར་དང་སློབ་གྲྭའི་དགེ་སློབ།དགོན་པའི་མི་འབོར་བཅས་མི་གྲངས་ཁྲི77.3གྱིས་ཆུ་གཙང་མ་སྤྱད་རྒྱུ་རག་པ་དང་།མི་ཁྲི27ཞིང་སྡེའི་ཆུ་གློག་ཆུང་གྲས་ལ་བརྟེན་ནས་གློག་མི་འདང་པའི་ལོ་རྒྱུས་གྱི་མཇུག་བསྒྲིལ་པ་རེད།
  ཆུ་བེད་འཛུགས་སྐྲུན་བྱས་པའི་དབང་གིས་བོད་ལྗོངས་ཀྱི་འབྲུ་མཛོད་ཅེས་མིང་ཐོགས་པའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་ཇེ་མཐོར་སོང་།ན་ནིང་མུའུ་རེར་བྱུང་བའི་ནས་ཀྱི་ཐོན་ཚད་གཞེས་ནིང་ལས་རྒྱ་མ60ལྷག་མང་དུ་ཕྱིན་ཡོད།
  ཉེ་བའི་ལོ་ཤས་རིང་ལ་སྲ་ཞིང་བརྟན་པའི་ཆུ་ལོག་འགོག་པའི་ཨར་ལས་འཛུགས་སྐྲུན་བྱས་པའི་དབང་གིས།གཞི་གྲངས་ཐོག་མངོན་པ་ལྟར་ན།བོད་ལྗོངས་ཀྱིས་ལོ5ནང་དུ་ཆུ་ལོག་འགོག་རགས་སྤྱི་ལེ1606སྐྲུན་ཚར་བ་དང་།ཆུ་བོའི་རིང་ཚད་སྤྱི་ལེ1326ལ་ཕྱོགས་བསྡུས་བདག་སྐྱོང་བྱས་ནས་ཆུ་ལོག་སྔོན་འགོག་ཉེན་མེད་འགན་སྲུང་བྱ་རྒྱུའི་ནུས་ཤུགས་ཇེ་ཆེར་སོང་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་མར་རྒྱན་སྒྱུ་རྩལ་ཁང་ཐོག་མ་དེ་བོད་ལྗོངས་སུ་སྐྲུན་མགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཧྲེང་ཧྭའི་སི་ཁྲོན་ནུས་པའི་འབྱུང་ཁུངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་གཉེར་པར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།