ལིའུ་ཁྲེང་མིང་གིས་ཧྲེང་ཧྭའི་སི་ཁྲོན་ནུས་པའི་འབྱུང་ཁུངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་སྤྱི་གཉེར་པར་མཇལ་འཕྲད་གནང་།

ཡེ་ཤེས་མགོན་པོས་བསྒྱུར།        2016-03-22

 
 སྤྱི་ཟླ3པའི་ཚེས17ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཧྲེང་ཧྭ་ཚོགས་པའི་སི་ཁྲོན་ནུས་པའི་འབྱུང་ཁུངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ལས་འཛིན་པ་གཞོན་པ། སྤྱི་ཁྱབ་སྤྱི་གཉེར་པ་ཅང་གོ་ཅུན་ལྷན་ཕེབས་ལ་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་ཀས་སྔ་བས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་འཕེལ་རྒྱས་གཏང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
 ལིའུ་ཁྲེང་མིང་གིས་ཕྱིན་ཆད་ཀྱི་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་དང་ཞིང་ཆེན་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན། ལོ་རྒྱུས་ཀྱི་ལས་འགན་འདི་འགྲུབ་དགོས་ན་འཕེལ་རྒྱས་ནི་འགག་རྩ་རེད། དེར་བརྟེན་ང་ཚོས་རིགས་སྣ་ཚོགས་ཀྱི་ཚོང་རའི་གཙོ་གཞི་རང་ཁུལ་དུ་འོངས་ནས་མ་དངུལ་གཏོང་འཇོག་བྱས་ཏེ་ལས་རིགས་དར་སྤེལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། རང་ཁུལ་འདི་ཉིད་འབྲི་ཆུའི་སྟོད་རྒྱུད་ཀྱི་གལ་ཆེ་བའི་ས་ཁུལ་ཞིག་ཡིན་པས་ཕྱིན་ཆད་ང་ཚོས་ལྗང་མདོག་འཕེལ་རྒྱས་གཏང་རྒྱུའི་འདུ་ཤེས་རྒྱུན་འཁྱོངས་དང་། ཕྱོགས་གཅིག་གི་ཐོན་ཁུངས་གསར་སྦོལ་བྱས་ཏེ་ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བརྟེན། ཕྱོགས་གཅིག་གི་མི་སེར་ཕྱུག་པོར་ཆགས་པར་བྱས་པའི་དུས་མཚུངས་སུ། ཕྱོགས་གཅིག་གི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་གཙོ་ཁྲིད་བསམ་བློ་གཡོ་འགུལ་བྱ་རྒྱུ་མེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལྗང་མདོག་གི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད། ལིའུ་ཁྲེང་མིང་གིས་ཧྲེང་ཧྭ་ཚོགས་པས་ལས་གཞིའི་སྔོན་འགྲོའི་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱས་ཏེ་རང་ཁུལ་གྱི་ཁྱད་འཕགས་ཐོན་ལས་དང་ཁེ་ལས་རང་ཉིད་ཀྱི་དགེ་མཚན་ཟུང་འབྲེལ་བྱས་ནས། ཅི་མགྱོགས་གང་མགྱོགས་ཀྱིས་ལས་གཞི་སྐུལ་སྤེལ་ལག་ལེན་བྱས་ཏེ་ཐུན་མོང་གི་ཁེ་ཕན་འཐོབ་རྒྱུའི་རེ་བ་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།།
  • ལེ་ཚན་སྔོན་མ།:ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར200ལྷག་བཏང་ནས་བོད་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་ལ་རོགས་རམ་བྱས་ཤིང་ཞིང་འབྲོག་མི་དམངས་ཁྲི180ལ་ཕན་ཐོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སློབ་གསོའི་དབུལ་སྐྱོར་གནད་སྨིན་བྱས་ནས་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཏོན།
  • དོ་སྣང་ཆེ་བའི་རྩོམ།