གསར་འགྱུར་ཐུང་ངུ་།

        2016-03-07

༄༅། །ཟླ་བ3པའི་ཚེས5ཉིན་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་སྐབས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་གིས་ཀྲུང་གོའི་དཔལ་ཡོན་དྲ་བའི་ཐོག་སྤྱི་ཚོགས་ཡོངས་ལ་ལི་ཡུང་ཅན་སོགས་ལས་རྐང་ཐོག་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་ཆེས་བཟང་པོའི་མི་སྣ10ཡི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ལེ་ཧྥེང་གི་ལས་ལ་བརྩོན་པའི་སྙིང་སྟོབས་སློབ་སྦྱོང་བྱས་ཏེ་ལས་ཀར་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་བཏང་།
  ༄༅། །སློབ་གསོ་པུའུ་ཡིས་ཟླ་བ3པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་ཏེ་ཉིན་དེར་ལག་ལེན་བསྟར་བའི《བྱིས་པ་ཁང་གི་ལས་ཀའི་སྒྲིག་སྲོལ》དེའི་ནང་བྱིས་པ་ཁང་གི་བདེ་འཇགས་དང་། འཕྲོད་བསྟེན་དང་ལུས་ཁམས་བདེ་ཐང་། སློབ་གསོ་དང་གཞི་ཁྱོན་སོགས་ཐད་ཀྱི་ལས་ཀ་གཏན་འཁེལ་བྱས་པར་མ་ཟད། ད་རུང་བྱིས་པ་ཁང་གི་དགེ་རྒན་གྱིས་བྱིས་པར་མནར་གཅོད་བྱེད་པ་དང་། བྱིས་པའི་ཐོབ་ཐང་ལ་བརྙས་བཅོས་བྱེད་པ་སོགས་བྱིས་པའི་ལུས་སེམས་གཉིས་བདེ་ལ་གནོད་སྐྱེལ་པའི་བྱ་སྤྱོད་བྱེད་མི་ཆོག་པར་གསལ་པོ་བཏོན་ཡོད།
  ༄༅། །རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁྲིམས་སྲོལ་ལས་དོན་ཨུ་ལྷན་གྱིས་སྡོམ་རྩིས་བྱས་པའི་གྲངས་གཞིའི་ཐོག་མཚོན་པར་གཞིགས་ན། 2016ལོའི་ཟླ་བ་དང་པོའི་ཚེས31ཉིན་བར། བཟོ་བཅོས་བྱས་ཟིན་པའི་ཁྲིམས་འཛུགས་བཅའ་ཁྲིམས་ལྟར། ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་གསར་པ་སྤྲད་པའི་འདུས་ཁུལ་གསར་པ་བཙུགས་པའི་གྲོང་ཁྱེར་དང་། རང་སྐྱོང་ཁུལ། འདུས་ཁུལ་གསར་པ་བཙུགས་མེད་པའི་ས་གནས་རིམ་པའི་གྲོང་ཁྱེར271ནང209ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འགོད་བྱེད་ཆོག་པར་གཏན་འཁེལ་བྱས།
  ༄༅། །རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཟླ་བ3པའི་ཚེས1ཉིན་ཆ་འཕྲིན་བསྒྲགས་ཏེ་བཤད་དོན། ལོ་གཅིག་གི་རིང་གཞུང་དོན་རླངས་འཁོར་སྤྱོད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་པ་དེ་བརྟན་བརླིང་ངང་མདུན་སྤེལ་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་རིམ་པ་རང་ཉིད་ཀྱི་གཞུང་དོན་རླངས་འཁོར་སྤྱོད་པའི་ལམ་ལུགས་བཅོས་བསྒྱུར་ཁྱོན་ཡོངས་ནས་སྤེལ་ནས་ལེགས་འགྲུབ་བྱུང་ཡོད།
  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼རྒྱ་ལུགས་སྨན་རིག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་རྩ་གནད༽པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།