ཁྲོན་བོད་ལྕགས་ལམ་རྒྱལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གལ་ཆེ་བའི་ལས་གཞིའི་ནང་བཞག

ཡེ་མིང་གིས་བསྒྱུར།        2016-03-14

ཉེ་ཆར། ཆེས་གསར་བའི་ཡོངས་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད(འཆར་ཟིན།)》ལྟར་ན།ཁྲོན་བོད་ལྕགས་ལམ་འདི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གལ་ཆེ་བའི་ཨར་ལས་ནང་བཞག་པར་བརྟེན།གཙོ་གནད་དུ་མཐའ་མཚམས་དང་ཐག་ཉེ་སར་བསྲིངས་པའི་ལྕགས་ལམ་སྐུལ་འདེད་གཏོང་བའི་ནང་གི་ལྕགས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད།
  ཁྲོན་བོད་ལྕགས་ལམ་བརྒྱུད་ཡུལ་གྱི་ཁྱད་ཆོས་ལ་གཞིགས་ནས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཁང་གཉིས་པའི་ཆེད་ལས་མཁས་ཅན་ཚོས་ཚན་རིག་ཞིབ་འཇུག་བྱ་གཞིར་བྱས་ཏེ་འགག་གནད་སྒྲོལ་ཐབས་བྱས་པས་མ་ཚད།ཧུར་ཐག་གིས་ཆེད་ལས་མཁས་ཅན་སྒྲིག་འཛུགས་བྱས་ཏེ་རྩད་ཞིབ་ཇུས་འགོད་དང་ཨར་ལས་འཛུགས་སྐྲུན།འཁོར་སྐྱོད་སྲུང་སྐྱོང་བྱ་རྒྱུའི་དུས་རིམ་གསུམ་ནང་རིམ་པ་བགོས་ནས་ཁོར་ཡུག་ཧ་ཅང་ཞན་པའི་འོག་གི་ཁྲོན་བོད་ལྕགས་ལམ་ཧྲིལ་པོ་བེད་སྤྱོད་གཏོང་ཡུན་གྱི་དུས་འཁོར་ལ་ཚན་རིག་ཞིབ་འཇུག་བྱ་རྒྱུའི་འཆར་འགོད་ཐད་མིག་སྔའི་བར་དུ་སླེབས་སྐབས་གྲོན་དངུལ་སྒོར་དུང་ཕྱུར་ལ་ཟིན་པ་གཏོང་འཇོག་བྱས་ཡོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན།ཁྲོན་བོད་ལྕགས་ལམ་ནི་ཤར་རྒྱུད་ཁྲེང་ཏུའུ་ནས་འགོ་ཚུགས་ཏེ་གཡག་རྔ་དང་དཀར་མཛེས་ཁུལ་བརྒྱུད་དེ་བོད་ལྗོངས་ཀྱི་ཆབ་མདོའི་མངའ་ཁོངས་སུ་འཇུག་ཅིང་།དེ་ནས་ཉིང་ཁྲི་ས་ཁུལ་དང་ལྷོ་ཁ་ས་ཁུལ་བརྒྱུད་དེ་མཐར་ཐུག་བོད་ལྗོངས་ཀྱི་ལྟེ་གནས་ལྷ་སར་སླེབས་པའི་ལྕགས་ལམ་འདིའི་རིང་ཚད་སྤྱི་ལེ1800ལྷག་ཡོད་པ་རེད།
  མིག་སྔའི་གནས་ཚུལ་ལ་བལྟས་ན་ཁྲེང་ཏུའུ་ནས་ཕུའུ་ཅང་བར་གྱི་ལྕགས་ལམ་ད་ལོར་བསྐྲུན་ཚར་རྒྱུའི་འཆར་གཞི་དང་།ཁྲའོ་དབྱང་མཚེའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་བསྐྲུན་ནས་ལོ2རིང་ལ་འཕེལ་རིམ་ཡག་པོ་ཡིན་པ་རེད།གཡག་རྔ་ནས་ར་རྔ་ཁ་བར་གྱི་ལྕགས་ལམ་བསྐྲུན་རྒྱུ་ལག་ལེན་བྱེད་ཐུབ་མིན་གྱི་ཞིབ་འཇུག་བྱས་ཡོད་ཅིང་།ར་རྔ་ཁ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྔོན་རྩིས་བྱས་ན་ཚོད་རྩིས་ཀྱི་ལག་ལེན་བྱེད་ཐུབ་མིན་གྱི་ཞིབ་འཇུག་ཞིབ་བཤེར་གྱི་ལས་ཀ་ད་ལོར་འགྲུབ་རྒྱུ་དང་།ཉིང་ཁྲི་ནས་ལྷ་ས་བར་གྱི་ལྕགས་ལམ་ན་ནིང་ལས་འགོ་ཚུགས་ཡོད་པ་རེད།ལྕགས་ལམ་འདི་བསྐྲུན་རྗེས་ཁྲེང་ཏུའུ་ནས་ལྷ་སའི་བར་ཆུ་ཚོད13མ་གཏོགས་མི་འགོར་བ་རེད།
  • ལེ་ཚན་སྔོན་མ།:སི་ཁྲོན་ནི་མིང་དོན་མཚུངས་པའི་དཔལ་འབྱོར་གྱི་ཞིང་ཆེན་དུ་གྱུར།
  • ལེ་ཚན་རྗེས་མ།:གཙོ་གནད་ཀྱི་ཐ་སྙད་བཅུ་ནས་སྲིད་གཞུང་ལས་ཀའི་སྙན་སེང་ལ་གསལ་བཀྲོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།