མཚོ་སྔོན་གྱིས་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན་བསྡུས།

    མི་དམངས་ཉིན་རེའི་ཚགས་པར།    2016-03-04

  ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་ཚོགས་ཤིང་། གྲུབ་འབྲས30ལྷག་ཙམ་ལ2015ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་སོགས་ཐོབ་ཡོད་པ་རེད།
     2015ལོ་འཁོར་དུ་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་རྣམ་གྲངས་དེ“ཁུལ་གསུམ”འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚན་རྩལ་འགག་སྒྲོལ་གྱི་གཙོ་གནད་ཁ་ཕྱོགས་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ལེགས་ཆ་ལྡན་པའི་རིག་ཚན་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བ་བྱས་པས་ལག་རྩལ་གྱི་ཆུ་ཚད་དང་བཀོལ་སྤྱོད་རིན་ཐང་ཅུང་ཆེན་པོ་ལྡན་ཡོད་པ་རེད། བྱ་དགའ་ཐོབ་པའི་རྣམ་གྲངས30ལ་ཁེ་བེད116ཐོབ་པ་དང་དཔྱད་རྩོམ་ཁག568སྤེལ་བ་དང་འབྲེལ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་གྲུབ་འབྲས90%ཟིན་པ་དང་རྒྱལ་སྤྱིའི་ཆུ་ཚད་ཡན་སླེབས་པའི་གྲུབ་འབྲས་ཀྱིས47%བཟུང་ཡོད་པ་རེད།
     ད་ཐེངས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་སྤྲོད་པའི་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་ཁ་ཕྱོགས་ལ་གཞིགས་པས་ལག་རྩལ་གྱི་ཆུ་ཚད་དང་བཀོལ་སྤྱོད་རིན་ཐང་ཅུང་ཆེན་པོ་ལྡན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལི་ཡོའོ་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་དུ་ཞུགས་རྒྱུ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།