རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟའ་བཏུང་བྱེད་སའི་འཕྲོད་བསྟེན་གྱི་ཁྲོལ་ཡིག་དང་བཟའ་བཅའ་ཚོང་གཉེར་གྱི་ཁྲོལ་ཡིག་ཕྱོགས་བསྡུས་ལེགས་སྒྲིག་བྱ་རྒྱུའི་གྲོས་ཆོད་པར་དུ་བསྐྲུན།

གངས་སྐྱིད་ཀྱིས་བསྒྱུར།        2016-03-08

 
 ཙུང་ལི་ལི་ཁེ་ཆང་གིས་མིང་རྟགས་བཀོད་དེ་མཆན་བཀོད་གནང་བར་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས《བཟའ་བཏུང་བྱེད་སའི་འཕྲོད་བསྟེན་གྱི་ཁྲོལ་ཡིག་དང་བཟའ་བཅའ་ཚོང་གཉེར་གྱི་ཁྲོལ་ཡིག་ཕྱོགས་བསྡུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》(གཤམ་དུ་མིང《གྲོས་ཆོད》ཅེས་བསྡུས)པར་དུ་བསྐྲུན།
 《གྲོས་ཆོད》ནང་བསྟན་དོན། ས་གནས་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཟ་ཁང་དང་། ཁ་ཧྥེའི་ཁང་། ཆང་ཁང་། ཇ་ཁང་བཅས་རིགས་བཞིར་སྤྲད་པའི་འཕྲོད་བསྟེན་ཁྲོལ་ཡིག་མེད་པར་བཟོ་རྒྱུ་དང་། བཟའ་བཅའ་ཉེན་མེད་དང་འབྲེལ་བའི་ནང་དོན་ཁག་བཟའ་བཅའ་སྨན་རྫས་ལྟ་སྐུལ་སྡེ་ཚན་གྱིས་མཆན་སྤྲད་བྱས་པའི་བཟའ་བཅའ་ཚོང་གཉེར་ཁྲོལ་ཡིག་ཏུ་སྡེབ་སྒྲིག་བྱས་ཏེ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གཅིག་པུས་ཆོག་མཆན་བྱེད་པ་དང་གཅིག་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱ་དགོས།
 《གྲོས་ཆོད》ནང་བླང་བྱ་བསྟན་དོན། བཟའ་བཏུང་ཞབས་འདེགས་ཞུ་སའི་མི་མང་འཛོམ་སའི་འཕྲོད་བསྟེན་ཁྲོལ་ཡིག་མེད་པར་བཟོས་རྗེས། རིམ་པ་སོ་སོའི་བཟའ་བཅའ་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཟའ་བཏུང་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱ་དགོས་ཤིང་། སྔར་ལས་ལྷག་པར་བཟའ་བཅའི་ཁྲོལ་ཡིག་ཞིབ་བཤེར་ཆོག་མཆན་དང་ཁྲོལ་ཡིག་སྤྲད་པའི་བྱ་སྤྱོད་ཚད་དང་ལྡན་པར་བྱ་དགོས། བཅའ་ཁྲིམས་དང་གཏན་འཁེལ། ཚད་གཞི་ལྟར་ཁྲོལ་ཡིག་མ་སྤྲོད་སྔོན་གྱི་ཞིབ་བཤེར་བྱ་བ་ཡག་པོ་བྱས་ཏེ་ཤུགས་ཆེན་པོས་ཁྲོལ་ཡིག་བཟོ་པའི་ཕན་ནུས་ཆེ་རུ་གཏང་དགོས།
 《གྲོས་ཆོད》ནང་ནན་པོར་བསྟན་དོན། ས་གནས་ཀྱི་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཟའ་བཏུང་ཞབས་འདེགས་ཞུ་སར་ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་བརྒྱག་དགོས་ཤིང་། ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་བཅོས་བྱ་དགོས། ཡིད་རྟོན་གྱི་མ་ལག་འཛུགས་དགོས། འཕྲོད་བསྟེན་སྡེ་ཚན་གྱིས་མ་སྐུལ་དང་བླངས་ཀྱིས་འབྲེལ་ཡོད་རིམས་ནད་བྱུང་ཚུལ་ལ་ལྟ་སྐུལ་ཚོད་དཔག་དང་། བསྡུ་རུབ། དབྱེ་ཞིབ། བརྟག་དཔྱད་ཞིབ་བཤེར་བཅས་བྱ་དགོས། འགོས་ནད་སྔོན་འགོག་བྱ་རྒྱུའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་སྔོན་འགོག་དང་ཁ་གཏད་ཀྱི་བྱེད་ཐབས་འཛིན་དགོས་སོ།།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:བརྟན་བརླིང་ནང་ཡར་ཐོན་ཡོང་བ་དང་བརྟན་བརླིང་ནང་གནས་བབ་བཟང་པོ་ཤར།
  • དོ་སྣང་ཆེ་བའི་རྩོམ།