བོད་ལྗོངས་གསར་འགྱུར་དྲ་བ། 2014-07-16
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་གྲོང་རྡལ་གྱི་གྲོང་ཁྱེར་གྱི་ཆུ་འདྲེན་ཆུ་འབུད་དང་།བཙོག་ཆུ་གཙང་བཟོ།གཅིག་སྡུད་དྲོད་མཁོ་འདོན་བཅས་ཀྱི་ལས་གྲྭ་གསུམ་ན་ནིང་ཟླ་8པར་སྐྲུན་འགོ་བཙུགས་པ་ནས་བཟུང་ལས་གྲྭ་ཁག་གི་འཕེལ་རིམ་བདེ་བླག་ཡོད་པ་དང་སྔོན་དཔག་བྱས་ན་2015ལོར་བསྐྲུན་ཐུབ་ནས་བེད་སྤྱོད་ཀྱང་ཐུབ་རྒྱུ་རེད།
ཉེ་ཆར་གསར་འགོད་པར་ནག་ཆུ་ས་ཁུལ་མེ་འཁོར་བབས་ཚུགས་ཟོག་འགྲེམས་ལྟེ་གནས་འགྲམ་དུ་གནས་པའི་ལས་གྲྭ་གསུམ་འཛུགས་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས་སྐྱེལ་འདྲེན་རླངས་འཁོར་རེ་རེ་བཞིན་དེ་གར་ཕར་འགྲོ་ཚུར་འོང་བྱེད་པ་དང་ལས་ཡུལ་དུ་ཨར་ལས་ཀྱི་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཤིང་།ཆུ་འདྲེན་ཆུ་འབུད་ལས་གྲྭའི་ཨར་ལས་ས་ཁོངས་སུ་ཨར་ལས་མི་སྣས་ཆུ་བསིངས་བཟོ་གྲྭའི་འཁོར་ཁང་དང་།འཁོར་མཛོད།མཛོད་ཁང་གི་གྱང་ངོས་བཅས་སུ་མཐའ་མའི་ལུགས་རྒྱག་དང་རྨང་གཞིའི་རྩིག་པ་བརྒྱབ་ནས་ཚུར་བསྡུའི་ཆུ་རྫིང་དང་འདམ་འབུད་རྫིང་བུའི་པང་ལེབ་སྡོམ་པའི་མཐའ་མའི་འདེགས་སྐྱོར་བཟོ་བཞིན་འདུགས་བབ་མཐོ་བ་དང་དགུན་ཁ་དྲོད་ཚད་དམའ་རྐྱེན་མདོང་ལམ་གས་པའི་གནས་ཚུལ་རྟག་ཏུ་ཐོན་པ་དང་ནག་ཆུ་ས་ཁུལ་དུ་དེང་སྐབས་ཉིན་ལྟར་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་8000ལས་མི་ཟིན་པ་དང་ལས་གྲྭ་དེ་བསྐྲུན་རྗེས་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་ཧ་ཅང་ཞི་ལྷོད་དུ་འགྲོ་རྒྱུ་རེད།
ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་གསུམ”གྱི་རྣམ་གྲངས་ཀྱི་ཅིང་ལི་ཀྲང་ཅིང་ཤིན་གྱིས“ཆུ་འདྲེན་ལས་གྲྭའི་སྤྱིའི་གཞི་ཁྱོན་ཉིན་ལྟར་རྒྱ་དཔངས་གྲུ་བཞི་མ་ཁྲི་6ཡིན་པ་རེད།མིག་སྔར་ཨར་ལས་བཟོ་སྐྲུན་གྱི་ཐོན་རྫས་རིན་ཐང་གིས་ཆུ་བསིངས་བཟོ་གྲྭའི་ཐོན་རྫས་རིན་ཐང་གི་11%ཟིན་པ་དང་།སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་ཆུ་བསིངས་བཟོ་གྲྭ་དང་ཆུ་འཐེན་ས་ཚིགས་ཀྱི་ཨར་ལས་བཟོ་སྐྲུན་གྱི་ཆ་ཤས་ཚང་མ་ལེགས་གྲུབ་ཐུབ་རྒྱུ་རེད།བསྐྲུན་རྗེས་ནག་ཆུ་གྲོང་རྡལ་ལ་ཉིན་ལྟར་འཐུང་ཆུ་རྒྱ་དཔངས་གྲུ་བཞི་མ་ཁྲི་6མཁོ་འདོན་ཐུབ་རྒྱུ་ཡིན་པས་ནག་ཆུ་གྲོང་རྡལ་གྱི་ཡུལ་མིའི་འཐུང་ཆུ་དང་འཚོ་བའི་ཐད་སྤྱོད་པའི་ཆུའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་རྒྱུ་རེད”ཅེས་བཤད།
ནག་ཆུ་ས་ཁུལ་གྱི་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གལ་ཆེན་ཞིག་རེད།དྲོད་མཁོ་འདོན་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་ཨར་ལས་མི་སྣས་གསར་དུ་སྐྲུན་པའི་ཚ་ཁུངས་བཟོ་གྲྭའི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་རྨང་གཞིའི་ཀ་བ་དང་རྨང་གཞིའི་གདུང་མར་མཐའ་མའི་ཨར་འདམ་ལུགས་རྒྱག་བཞིན་འདུགངོ་སྤྲོད་བྱས་པར་གཞིགས་ན།རྣམ་གྲངས་དེ་བསྐྲུན་རྗེས་གཅིག་སྡུད་དྲོད་མཁོ་འདོན་ཐུབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་166ཟིན་རྒྱུ་དང་ལེ་ལག་ཚང་བའི་འཛུགས་སྐྲུན་གྱི་དྲོད་བརྗེ་ས་ཚིགས་17ཟིན་རྒྱུ་དང་དུས་མཚུངས་ཉི་འོད་ནུས་པའི་དྲོད་ལེན་མ་ལག་སྨི་ངོས་གྲུ་ཁྲི་35གསར་དུ་བསྐྲུན་ཐུབ་རྒྱུ་ཡིན་པའི་ལས་གྲྭར་མ་དངུལ་སྒོར་ཁྲི་62811གཏོང་རྒྱུ་ཡིན་པ་རེད།ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་གསུམ”གྱི་ཅིང་ལི་གཞོན་པ་ལི་ཤའོ་ཧྥུང་གིས“མིག་སྔར་ཚ་ཁུངས་བཟོ་གྲྭས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་3%ལེགས་སྒྲུབ་བྱས་པ་དང་སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཚང་མ་ལེགས་གྲུབ་ཐུབ་རྒྱུ་རེད།ཚ་འདོན་ལས་གྲྭ་ལེགས་གྲུབ་བྱུང་རྗེས་ཚ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་166ཟིན་ནས་ནག་ཆུ་གྲོང་རྡལ་ཧྲིལ་པོའི་ཚ་དྲོད་མཁོ་འདོན་གྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད”ཅེས་བཤད་པ་རེད།
གསར་དུ་བསྐྲུན་པའི་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་གཙང་བཟོ་ལྟེ་གནས་སུ་ཨར་ལས་མི་སྣས་བཙོག་ཆུ་འཐེན་ཁང་གི་རྨང་གཞིའི་རྒྱོང་ཆའི་ལུགས་རྒྱག་ལས་དོན་བྲེལ་བརྩོན་ངང་སྒྲུབ་བཞིན་འདུགམིག་སྔར་རྣམ་གྲངས་དེའི་འཕྲུལ་ཆས་ཉམས་གསོ་དང་།མཛོད་ཁང་།དྲོད་བརྗེའི་ཁང་པ་སོགས་སྤྱིར་ན་ལས་མཇུག་འགྲིལ་བ་དང་རྣམ་གྲངས་དེ་བསྐྲུན་རྗེས་ནག་ཆུ་གྲོང་རྡལ་གྱི་སྤྱི་པའི་འཕྲོད་བསྟེན་དང་མི་འཚོ་སྡོད་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་འགྲོ་རྒྱུ་རེད།ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་གསུམ”གྱི་སྤུས་ཀ་ཞིབ་བཤེར་ཁང་གི་ཞིབ་བཤེར་དཔོན་ཆི་ཤིན་གྱིས་གསར་འགོད་པར“མིག་སྔར་ཆུ་འབུད་ལས་གྲྭའི་ཨར་ལས་ལས་གྲྭ་22%ལེགས་གྲུབ་བྱུང་བ་དང་སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་ཨར་ལས་ལས་གྲྭ་ཚང་མ་ལེགས་གྲུབ་ཡོང་རྒྱུ་རེད།གོམ་སྟབས་རྗེས་མར་གྲོང་ཁུལ་དུ་བཙོག་ཆུའི་མདོང་ལམ་འདིང་རྒྱུ་རེད།བཙོག་ཆུ་གཙང་བཟོ་བཟོ་གྲྭ་བསྐྲུན་རྗེས་ཉིན་གཅིག་ནང་བཙོག་ཆུ་དང་ཆུ་སྙིགས་གཙང་བཟོ་བྱེད་ཚད་ཏུན་ཁྲི་2ཙམ་ཟིན་རྒྱུ་རེད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།“ལས་གྲྭ་གསུམ་པོ”དེ་ནག་ཆུ་ས་ཁུལ་གྱི་སྐྲུན་བཞིན་ཡོད་པའི་དམངས་འཚོའི་འདུ་འགོད་གཅིག་ཡིན་པ་དེར་མ་དངུལ་གཏོང་འབོར་སྒོར་ཁྲི་115306ཟིན་ཡོད།མིག་སྔའི་བར་ནག་ཆུ་གྲོང་རྡལ་གྱི“ལས་གྲྭ་གསུམ”གྱི་ཚ་ཁུངས་བཟོ་གྲྭ་དང་།བཙོག་ཆུ་གཙང་བཟོ་བཟོ་གྲྭཆུ་ཁུངས་ཁུལ།ཆུ་བསིངས་བཟོ་གྲྭདྲོད་བརྗེ་ས་ཚིགས།ནག་ཆུ་གྲོང་རྡལ་གྱི་གྲོང་ཁུལ་མ་ལམ་མདོང་ལམ་འདིང་བ་སོགས་ཀྱི་ལས་གྲྭ་ཕྱོགས་ཡོངས་ནས་འགོ་བཙུགས་ཡོད་པ་དེ་དག་གོ་རིམ་ལྡན་པའི་སྒོ་ནས་སྐྲུན་བཞིན་ཡོད།ལས་གྲྭ་བསྐྲུན་རྗེས་ནག་ཆུ་གྲོང་རྡལ་དང་མཐའ་འཁོར་གྱི་གྲོང་མི་ཁྲི་20ཙམ་གྱི་འཐུང་ཆུ་དང་།གྲང་འགོགལམ་སོགས་ཀྱི་གནད་དོན་དངོས་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10