《ཀྲུང་གོའི་ཚྭ་འདམ་བྲག་རིས》སོགས་བརྩམས་ཆོས་ཁག་གསུམ་དངོས་སུ་འགྲེམ་སྤེལ་བྱས།

    མཚོ་སྔོན་པོ་དྲ་བ།    2014-07-16

《ཀྲུང་གོའི་ཚྭ་འདམ་བྲག་རིས》སོགས་བརྩམས་ཆོས་ཁག་གསུམ་དངོས་སུ་འགྲེམ་སྤེལ་བྱས།
《ཀྲུང་གོའི་ཚྭ་འདམ་བྲག་རིས》།

     ཉེ་ཆར། མཚོ་ནུབ་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་མི་རིགས་སྐད་ཡིག་གི་བྱ་བ་སྒྲུབ་མཁན་དང་སྤྱི་ཚོགས་ཁྲོད་ཀྱི་ལས་རིགས་སོ་སོའི་དོ་ཁུར་བྱེད་པ། སྡུད་སྒྲིག་མི་སྣའི་རྔུལ་ཁྲག་དང་ཤེས་རབ་ལས་ཐོན་པའི《ཀྲུང་གོའི་ཚྭ་འདམ་བྲག་རིས》དང《སྟོད་སོག་ཆོས་ལུགས་རིག་གནས》། 《མཚོ་ནུབ་བོད་རིགས་དམངས་ཁྲོད་རྩོམ་རིག་གཅེས་བསྡུས》བཅས་བརྩམས་ཆོས་ཁག་གསུམ་མཚོ་ནུབ་དཔེ་མཛོད་ཁང་དུ་དངོས་སུ་འགྲེམ་སྤེལ་བྱས།
     མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་ཅོན།ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཧེ་ཡུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཧེ་ལན་བཅས་འགྲེམས་སྤེལ་མཛད་སྒོར་ཞུགས།

《ཀྲུང་གོའི་ཚྭ་འདམ་བྲག་རིས》སོགས་བརྩམས་ཆོས་ཁག་གསུམ་དངོས་སུ་འགྲེམ་སྤེལ་བྱས།
《མཚོ་ནུབ་བོད་རིགས་དམངས་ཁྲོད་རྩོམ་རིག་གཅེས་བསྡུས》།

     དེ་ཡང《ཀྲུང་གོའི་ཚྭ་འདམ་བྲག་རིས》ཞེས་པའི་ནང་དུ་མཚོ་ནུབ་ས་ཁུལ་གྱི་བྲག་རིས་ཞིབ་འཇུག་གི་འབྲས་བུ་དང་ཚན་རིག་རྟོག་ཞིབ་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས་པ་གཅིག་བསྡུས་ཀྱིས་མངོན་པར་མཚོན་ཡོད་པ་དང་ཁུ་ནུ་རིག་གནས་དང་ཚྭ་འདམ་གྱི་ཐུན་མོང་མ་ཡིན་པའི་སྣ་འཛོམས་རིག་གནས་དར་སྤེལ་དང་བརྒྱུད་སྒྲོག་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། 《སྟོད་སོག་ཆོས་ལུགས་རིག་གནས》ཞེས་པའི་ནང་དུ་ཕྱོགས་ཡོངས་ནས་སྟོད་སོག་མི་རིགས་ཆོས་ལུགས་ལོ་རྒྱུས་རིག་གནས་གསལ་མཚོན་བྱས་ཡོད་པ་དང་མཚོ་ནུབ་མི་རིགས་ཆོས་ལུགས་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་པའི་ཕྱོགས་ཀྱི་སྟོང་ཆ་ཁ་སྐོང་བྱས། 《མཚོ་ནུབ་བོད་རིགས་དམངས་ཁྲོད་བརྩམས་ཆོས་གཅེས་བསྡུས》ཞེས་པའི་ནང་དུ་མཚོ་ནུབ་བོད་རིགས་རིག་གནས་ཀྱི་ཉིང་བཅུད་གཅིག་བསྡུས་ཀྱིས་ཟིན་ཐོར་བཀོད་ཡོད་པས་བོད་མི་རིགས་ཀྱི་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྐོར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་བར་གདོད་མའི་རྒྱུ་ཆ་འདོན་སྤྲོད་བྱས་ཡོད།

《ཀྲུང་གོའི་ཚྭ་འདམ་བྲག་རིས》སོགས་བརྩམས་ཆོས་ཁག་གསུམ་དངོས་སུ་འགྲེམ་སྤེལ་བྱས།

     མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཉིག་ཅོན་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་བང་ཅིན་ཀྲེ་གཉིས་ཀྱིས་སོ་སོར་འགྲེམས་སྤེལ་བྱས་པའི་བརྩམས་ཆོས་ཁག་གསུམ་པོ་འདི་ལ་གདང་འཇོག་གང་ལེགས་བྱས། ཁོང་གཉིས་ཀྱིས་བསྟན་དོན། མཚོ་ནུབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ། ནང་དོན་ཕུན་སུམ་ཚོགས་པས་ཀྲུང་ཧྭ་མི་རིགས་རིག་གནས་བང་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་སྤྱི་ལ་ཡོད་པའི་དཔལ་ཡོན་གྱི་ནོར་བུའི་གཏེར་མཛོད་ཡིན།  བརྩམས་ཆོས་ཁག་གསུམ་པོ་འདི་འགྲེམས་སྤེལ་བྱས་པ་འདིའི་མཚོ་ནུབ་ཀྱི་དཔལ་འབྱོར་དང་རིག་གནས་ལས་དོན་གྱི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་མཚོ་ནུབ་མི་རིགས་རིག་གནས་འཕེལ་རྒྱས་དང་དངོས་བོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྐོར་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་བར་དོན་སྙིང་གལ་ཆེན་ལྡན། ལྷག་པར་ཏུ་ཞིང་ཆེན་ཡོངས་ནས་མཚོ་ནུབ་ཁུལ་ནི་བྲག་བརྐོས་རི་མོའི་ཞིབ་འཇུག་ཕྱོགས་ནས་རྗེས་ལུས་ཡིན་པ་དང་མཚོ་སྔོན་སོག་པོ་ཆོས་ལུགས་ལོ་རྒྱུས་རིག་གནས་ཞིབ་འཇུག་ཕྱོགས་ཀྱི་སྟོང་ཆར་ལུས་པའི་རྒྱུ་ཆའི་སྐོར་དང་། བོད་རིགས་དམངས་ཁྲོད་རྩོམ་རིག་ཕྱོགས་ཀྱི་མི་འདང་ས་དང་ཞིབ་འཇུག་ཕྱོགས་ལ་ཕན་ནུས་གལ་ཆེན་ཐོན་ཡོད།
     མཛད་སྒོའི་སྟེང་འགྲེམས་སྤེལ་ལས་ཁུངས་ཀྱིས་མཚོ་ནུབ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་དང་ཚྭ་འདམ་ཉིན་རེའི་ཚགས་པར་ཁང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ལ་དཔེ་དེབ་སྐོར་ཞིག་ལེགས་སྐྱེས་སུ་ཕུལ།

  • ལེ་ཚན་སྔོན་མ།:ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ལྗོངས་ཕོ་རིའི་ཡིག་རྙིང་གི་གློག་རྡུལ་པར་གཞི་རུ་བཏང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་སྐད་ཐོན་ཁུངས་འཛུགས་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
  • དོ་སྣང་ཆེ་བའི་རྩོམ།