ལི་ཁེ་ཆང་གིས་འཛམ་གླིང་དངུལ་ཁང་གི་འགན་འཛིན་པ་ཅིན་ཡོན་དང་མཇལ་འཕྲད་གནང་།

        2016-02-26

   སྤྱི་ཟླ2པའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ནས་འཛམ་གླིང་དངུལ་ཁང་གི་འགན་འཛིན་པ་ཅིན་ཡོན་དང་མཇལ་འཕྲད་གནང་།  ལི་ཁེ་ཆང་གིས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ཇེ་དལ་དུ་གྱུར་ཞིང་རྒྱལ་སྤྱིའི་བཟོ་ཚོང་མར་འགྲིབ་པ། དངུལ་རྩའི་ཚོང་ར་གཏན་འཇགས་མིན་པའི་རྒྱབ་ལྗོངས་འོག་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ཁྲོད་འཕེལ་རྒྱས་དང་བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་བཞིན་ཡོད། འཁོར་རྒྱུག་གནས་བབ་འོས་མཐུན་གྱི་བར་སྟོང་དུ་གནས་ཤིང་སྒྲིག་གཞི་ལེགས་སྒྲིག་གོང་འཕེལ་དུ་སོང་། ང་ཚོས་ཧུར་ཐག་གིས་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་གི་དངུལ་ལོའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། གཏིང་ཟབ་པའི་སྒོ་ནས་གསར་གཏོད་ཡར་སྐུལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་དམངས་ཀྱིས་ལས་གཏོད་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏང་ངེས། ནུས་ཤུགས་གསར་པའི་མགྱོགས་མྱུར་འཕེལ་རྒྱས་དང་སྲོལ་རྒྱུན་ནུས་ཤུགས་ཀྱི་སྒྲིག་འཕར་ལས་དཔལ་འབྱོར་གོང་འཕེལ་དང་ལས་ཞུགས་རྒྱ་སྐྱེད་ལ་སྟོབས་ཤུགས་འདོན་སྤྲོད་བྱ་ངེས། ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་གར་སྟེགས་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་སྤྱི་སྣང་སྲིད་ཇུས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བྱ་འདོད། འཛམ་གླིང་དངུལ་ཁང་ནི་རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཁག་གལ་ཆེན་ཞིག་ཡིན་པའི་ཆ་ནས་བརྡ་འཕྲིན་སྒྲོག་སྤེལ་བྱས་ཏེ་ཚོང་རའི་སྤོབས་སེམས་ཡར་སྐྱེད་གཏང་བའི་ཡིད་ཆེས་ཡོད་ལ་འདིས་འཛམ་གླིང་དཔལ་འབྱོར་གྱི་བསྐྱར་དར་དང་གོང་འཕེལ་ལ་ཕན་ནུས་གལ་ཆེན་འདོན་ཐུབ་ངེས་ཞེས་བསྟན།།
  ཅིན་ཡོན་གྱིས་དེང་སྐབས་དཔལ་འབྱོར་གོང་འཕེལ་དལ་བས་དཔལ་འབྱོར་སྡེ་ཁག་གཙོ་བོ་དག་གིས་སྤྱི་སྣང་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱ་དགོས། ཀྲུང་གོས་རང་འགུལ་སྒོས་འཕར་སྣོན་བྱེད་ཐབས་སྒྱུར་བཀོད་དང་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ཏེ་དཔལ་འབྱོར་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བརྒྱུན་འཁྱོངས་བྱས། འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་སྲིད་ཇུས་ཐད་ནས་འབྲེལ་འདྲེས་དམ་ཟབ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་དཔལ་འབྱོར་གྱི་དཔྱོད་ཤེས་དང་དངོས་ཡོད་དང་མཐུན་པའི་ལྟ་བ་བརྒྱུད་སྒྲོག་བྱ་དངོས་ཞེས་བསྟན།། 

  • ལེ་ཚན་སྔོན་མ།:ལྷ་སའི“ལས་རིགས་བཞིའི་བཟོ་སྐྲུན”གྱིས་མིའི་ཐེངས་གྲངས་ཁྲི85ལྷག་གི་ལས་ཞུགས་མངོན་འགྱུར་བྱུང་།
  • ལེ་ཚན་རྗེས་མ།:《ལྷ་གཤིས་ཀྱི་ནམ་མཁའ།》འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་ནང་གདམས་བཀོད་བྱུང་།
  • དོ་སྣང་ཆེ་བའི་རྩོམ།