ཞི་ཅིན་ཕིང་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕེབས་ཏེ་རྟོག་ཞིབ་གནང་།
ཚེ་དཔལ་གྱིས་བསྒྱུར། ཞིན་ཧྭ་དྲ་བ། 2016-02-21
སྤྱི་ཟླ2པའི་ཚེས19ཉིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕེབས་ཏེ་རྟོག་ཞིབ་གནང་ཞིང་སྤྱི་ཁྱབ་རྩོམ་སྒྲིག་པའི་རྩོམ་སྒྲིག་སྟེགས་བུའི་སྟེང་རྩོམ་སྒྲིག་པ་དང་ལག་རྩལ་མི་སྣར་གཟིགས་ཞིབ་གནང་།སྤྱི་ཁྱབ་ཧྲུའུ་ཅིས་རྩོམ་སྒྲིག་པ་དག་ལས་རྩོམ་སྒྲིག་དང་པར་ངོས་བཀོད་སྒྲིག་སོགས་ཀྱི་ལས་ཀའི་གོ་རིམ་ལ་རྒྱུས་ལོན་བྱས་པར་མ་ཟད།ཚང་མས་འབད་པ་ཆེན་པོས་ཚགས་པར་ལེགས་པོ་སྒྲིག་པར་སྐུལ་མ་མཛད།།