ཀན་སུའུ་ཞིང་ཆེན་གྱིས་བོད་ཁུལ་གྱི་མི་ཁྲི13.49ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས།

        2016-01-29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2015ལོར།ཀན་སུའུ་ཞིང་ཆེན་གྱིས་ཞིང་སྡེའི་ལས་གཞི་སྟེ་ལྷག་པར་དུ་མི་རིགས་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གཞི་དེ་དམངས་ཚིས་བཟོ་སྐྲུན་དུ་རྩིས་པ་མ་ཟད།དམངས་སྒྲུབ་དོན་དངོས་བཅུ་དང་སྲིད་གཞུང་གི་དཔྱད་ཞིབ་དམིགས་འབེན་དུ་བཅུག་སྟེ།བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་དང་།བྱེད་ཐབས་མང་པོ་སྤྱད་དེ་འཛུགས་སྐྲུན་འཕེལ་རིམ་ཇེ་འགྱོགས་སུ་བཏང་བར།དམངས་ཚིས་དོན་དངོས་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱས།2015ལོར་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར19.8854བཀོད་སྒྲིག་བྱས།དེའི་ནང་དམངས་སྒྲུབ་དོན་དངོས་རྣམ་གྲངས་ཐད་དངུལ་གཏོང་སྒོར་དུང་ཕྱུར11.2903ལེགས་འགྲུབ་བྱུང་ཞིང་།གཅིག་བསྡུས་ཆུ་འདོན་བཟོ་སྐྲུན་ས་ཚིགས735འཛུགས་སྐྲུན་བྱས་པ་དང་།ཁ་ཐོར་ཆུ་འདོན་བཟོ་སྐྲུན་ས་ཚིགས19340འཛུགས་སྐྲུན་བྱས་ཏེ།ཞིང་སྡེའི་མང་ཚོགས་ཁྲི126.58དང་སློབ་གྲྭའི་དགེ་སློབ་ཁྲི26.08ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས།
དེ་དང་མཉམ་དུ།བོད་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ཆུ་འཐུང་དཀའ་བའི་དོན་དངོས་ལ་དམིགས་ཏེ།བོད་ཁུལ་དུ་མི་ཁྲི13.49གསར་སྣོན་བྱས་པ་དང་།ཚོད་ལྟའི་རྫོང7གྱི་མི་ཁྲི17.89།འཐུང་ཆུ་དཀའ་ཁག་ཡོད་པའི་རྫོང11གི་མི་ཁྲི22.6ལྷག་གི་འཐུང་ཆུའི་ལས་གཞི་དང་ཆུ་སྤུས་ཞིབ་བཤེར་ལྟེ་གནས88ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས།དེའི་ཁྲོད།བོད་ཁུལ་གྱི་རྣམ་གྲངས་གསར་སྣོན་ཐད་དངུལ་གཏོང་སྒོར་དུང་ཕྱུར1.956ལེགས་འགྲུབ་བྱུང་སྟེ།བོད་ཁུལ་གྱི་མང་ཚོགས་མི་ཁྲི13.49ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་རེད།  །
  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་འཚོག་འགོ་ཚུགས།
  • ལེ་ཚན་རྗེས་མ།:མུ་ལི་ཡིས་བོད་ལུགས་ལོ་གསར་ལ་རོལ་བའི་སྐོར་བྲོ་འགྲན་བསྡུར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།