ནག་ཆུས་ཞིང་འབྲོག་ལས་གཉེར་སྐྱོང་བྱ་ཐབས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2016-01-27

ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གི་ཞིང་དར་ཞིང་ཕན་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་ཤུགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་འོགནག་ཆུ་ས་ཁུལ་གྱིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་ཆེད་ལས་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ།ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པ་རེད།
མིག་སྔར་ཇི་ལྟར་བྱས་ཏེ་ཞིང་འབྲོག་ལས་རིགས་སྒྱུར་རིམ་སྤོར་བྱེད་དགོས་མིན་དེ་ས་ཁུལ་དེའི་གོང་འོག་ཚང་མས་རྩ་བའི་ཐོག་ཚད་བརྒལ་བྱེད་པའི་གཙོ་གནད་དང་དཀའ་གནད་ཅིག་ཡིན་ཞིང་།ན་ནིང་གི་ཟླ་བ་11པའི་ཟླ་འགོར་ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ས་གནས་ས་ཐོག་ཚོགས་འདུ་འབྲི་རུ་རྫོང་དུ་འཚོགས་པ་དང《བྱང་ཐང་ས་མཐོའི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ནག་ཆུ་ས་ཨུད་དང་ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་བསམ་འཆར》བཏོན་པར་ནག་ཆུའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ནག་ཆུ་ས་ཁུལ་གྱིས་གཙོ་བོ་ཕྱོགས་བདུན་ལ་དམ་འཛིན་བྱས་ཏེ་རང་ངོས་ཀྱི་འཇུར་མིག་ལས་བརྒལ་རྒྱུ་སྟེ།གཅིག་ནས་ཚད་ལྡན་ངང་འཁོར་རྒྱུག་བྱ་རྒྱུར་དམིགས་ཏེ་མཉམ་ལས་དང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་དང་།གཉིས་ནས་ནུས་ལྡན་དང་མཁོ་སྤྲོད་བྱ་རྒྱུར་དམིགས་ཏེ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།གསུམ་ནས“སྣེ་འདྲེན”གྱིས་སྣེ་ཁྲིད་བྱ་རྒྱུར་དམིགས་ཏེ་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་རྒྱུ།བཞི་ནས་ཕུལ་བྱུང་ཐོན་རྫས་གཏོད་རྒྱུར་དམིགས་ཏེ་སྤུས་རྟགས་འཛུགས་པར་ཤུགས་སྣོན་རྒྱག་རྒྱུ།ལྔ་ནས་རྣམ་པ་གསར་པའི་གཉེར་སྐྱོང་བྱེད་པོ་འཐུས་ཚང་དུ་བཏང་སྟེ་གསོ་ཚགས་དུད་ཚང་དང་ཁྱིམ་ཚང་འབྲོག་ར་སྐྱེད་སྲིང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།དྲུག་ནས་འགན་ལེན་ནུས་ལྡན་བྱ་རྒྱུར་དམིགས་ཏེ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ།བདུན་ནས་མང་ཚོགས་ལ་ཁེ་ཕན་ཐོབ་རྒྱུར་དམིགས་ཏེ་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་གཏོད་པར་ཤུགས་སྣོན་རྒྱག་རྒྱུ་བཅས་རེད། །
 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར2000ལྷག་བཏང་སྟེ་འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས། 
  • དོ་སྣང་ཆེ་བའི་རྩོམ།