རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ2016ལོའི་ཟླ3པའི་ནང་པེ་ཅིང་དུ་འཚོག་རྒྱུ་རེད།

        2016-01-11

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ12པའི་ཚེས27ཉིན་གློག་འཕྲིན་འབྱོར་གསལ།ཚེས27ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།གཏན་འབེབས་དེ་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ2016ལོའི་ཟླ3ཚེས5ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།
གཏན་འབེབས་ནང་གྲོས་འགོ་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱ་རྒྱུ་དང་།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ།འཆར་འགོད་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ།དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གྲོས་ཞིབ་བྱ་རྒྱུ་རེད།
ཡང་དུ་ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་བ12པའི་ཚེས27ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བརྒྱད་པ་གཙོ་སྐྱོང་གནང་བ་དང་ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།ཡུས་ཀྲེང་ཧྲེང་གིས2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཞིག་ཡིན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ལོའི་གཙོ་གནད་ལས་དོན་སྒྲུབ་པར་གསར་གཏོད་དང་།མཐུན་སྦྱོར།ལྷད་མེད།སྒོ་ཕྱེ།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་གསུང་གནང་བ་རེད།
ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས》(འཆར་ཟིན)ལ་གྲོས་ཞིབ་གྲོས་འཆམ་བྱུང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ2016ལོའི་ཟླ་བ3པའི་ཚེས3ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་དེ《གཏན་འབེབས》ཀྱི་འཆར་ཟིན་ནང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:མི་དམངས་ཉིན་རེའི་ཚགས་པར་སྟེང་ཁ་ཡིག་ལ་མགོ་ཁྲིད་ལས་བྱེད་པས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཐད་ནས་དཔེ་སྟོན་བཟང་བོ་བྱེད་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་ཅིག་བཀོད།
  • ལེ་ཚན་རྗེས་མ།:འབྱུང་འགྱུར་གྱི་ལོ་ལྔར་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འགྲན་རྩོད་རང་བཞིན་ཁྱབ་ཁོངས་ཀྱི་ཚོང་ཟོག་དང་ཞབས་ཕྱིའི་རིན་གོང་ལྷུག་ཏུ་གཏང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།