༼ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི༽ཡིག་རིགས་མང་པོའི་ཕྱི་རྒྱལ་སྐད་ཡིག་གི་དཔེ་དེབ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

མ་པད་མ་གཡང་མཚོ་དང་གྲགས་པ་གཉིས་ཀྱིས་བསྒྱུར།        2015-12-24

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ཟླ་བ12པའི་ཚེས15ཉིན་འབྱོར་བའི་གཏམ་གསར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དེ་ཀྲུང་གུང་ཀྲུང་དབྱང་ཡིག་བསྒྱུར་ཁང་གིས་དབྱིན་ཇི་དང་ཧྥ་རན་སི། སི་ཕེན། ཨུ་རུ་སུ། འཇར་པན། འཇར་མན། ཨ་རབ་བཅས་སྐད་ཡིག་བདུན་གྱི་དཔེ་དེབ་བསྒྱུར་ནས་ཉེ་ལམ་ཀྲུང་དབྱང་ཡིག་སྒྱུར་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་དང་འགྲེམ་སྤེལ་བྱས།
 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ཡིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུར་ཁ་ཕྱོགས་གསལ་པོ་སྟོན་ཡོད་ལ། དམིགས་ཡུལ་ཡང་སྟོན་ཡོད། ང་ཚོའི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པར་ཁྲིད་སྟོན་བྱེད་པའི་ཡིག་ཆ་ཡིན་ལ། རང་རྒྱལ་གྱི་སླད་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན།
  《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》དེ་ཕྱི་རྒྱལ་གྱི་སྐད་རིགས་མང་པོའི་དཔེ་དེབ་ཏུ་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱེད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱོན་ཡོངས་ནས་ཀྲུང་གོའི་འཕེལ་རྒྱས་གཏང་སྟངས་ཀྱི་འདུ་ཤེས་ལ་རྒྱུས་ལོན་དང་གོ་བ་ལོན་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ལ་རོགས་རམ་བྱས་ཏེ་རང་རྒྱལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་ལ་ངོས་འཛིན་ཡང་དག་པ་བྱེད་ཅིང་། ཧུར་ཐག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པར་ཨ་ལན་སློག་པ། མཉམ་འདྲེས་ཟབ་མོའི་གཉིས་ཕན་མཉམ་ལས་ཀྱི་གནས་བབ་ཆགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་པོ་ལྡན་པ་རེད།།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བོད་སྨན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར༡༣ལས་བརྒལ་ཞིང་ནང་ལོགས་ས་ཁུལ་གྱི་ནད་པས་བརྩི་མཐོང་བྱས།
  • ལེ་ཚན་རྗེས་མ།:བོད་ཀྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱིས་དངུལ་རྩའི་དབུལ་སྐྱོར་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ།
  • དོ་སྣང་ཆེ་བའི་རྩོམ།