ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མཐོ་སྒང་གི་སྐྱེ་ལྡན་ཞིང་འབྲོག་ལས་རིགས་ཀྱིས་རྨང་གཞི་བྱས་ཤིང་། སྔོན་ཐོན་ལག་རྩལ་གྱིས་སྲོལ་རྒྱུན་གྱི་ཐོན་ལས་ལེགས་བཅོས་དང་མཐོར་འདེགས་གཏོང་བས་གཙོ་གནད་བྱས་ཏེ། ཤུགས་ཆེན་པོས་མཐོ་སྒང་གི་སྐྱེ་ལྡན་སྐྱོན་བྲལ་གྱི་བཟའ་བཅའ་དང་སྤྲོ་གསེང་ཞིང་ལས་ཡུལ་སྐོར་སོགས་གཙང་ཞིང་གི་སྐྱོན་བྲལ་ཐོན་ལས་གསར་སྤེལ་བྱས་པར་བརྒྱུད། མཐོ་སྒང་གི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་བསམ་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་པར་ཐོན་ཁུངས་ཁོར་ཡུག་གིས་ཁྱེར་ཡོང་བའི་སྐྱེ་ཁམས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་བཅུག་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར4.54བཏང་སྟེ་ཁྱོན་བསྡོམས་གཙང་ཞིང་གི་སྐྱོན་བྲལ་ཐོན་ལས་ཀྱི་ལས་གཞི15ལག་བསྟར་བྱས་པས། མང་ཚོགས་དུད་ཚང4930ཡི་མི14947ལ་ཕན་ཐོགས་ཡོད། དུད་ཚང་རེར་ལོ་རེར་ཆ་སྙོམས་སྒོར6000འཕར་སྣོན་བྱུང་བ་དང་། མི་རེ་ལོ་རེར་ཆ་སྙོམས་སྒོར2000འཕར་སྣོན་བྱུང་སྟེ། གཙང་ཞིང་གི་སྐྱོན་བྲལ་ཐོན་ལས་སྤེལ་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་ཕྱུག་འགྱུར་ཡོང་བར་བྱས།