ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལ་རིམ་པ་བགོས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་གསོ་སྦྱོང་འཛིན་གྲྭ་ཐོག་ཏུ་གསུང་བཤད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2015-12-07

ཟླ་བ12པའི་ཚེས2ཉིན་གྱི་ཕྱི་དྲོར། གཞི་རིམ་གྱི་ལས་གནས་དང་པོའི་གནས་ཚུལ་ཁོང་དུ་ཆུད་པ་དང་གཞི་རིམ་ལས་བྱེད་པའི་བསམ་ཚུལ་ཆ་རྒྱུས་བླང་ཆེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལ་རིམ་པ་བགོས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་གསོ་སྦྱོང་བྱེད་པའི་འཛིན་གྲྭའི་འཐུས་མི20དང་བཞུགས་མོལ་གནང་བ་རེད། སློབ་མའི་འཐུས་མིས་དེང་སྐབས་སུ་ཤང་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་ཤོས་ཅི་ཡིན་དང་ཁ་ཚ་དགོས་གཏུག་ཐག་གཅོད་བྱ་དགོས་པའི་དོན་དག་གང་ཡིན། རང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས། དབུལ་སྐྱོར་འགག་སྒྲོལ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་གང་ཡོད་སོགས་ཀྱི་ནང་དོན་ཐད་ལ་བསམ་ཚུལ་བཤད་པ་རེད།
 བཞུགས་མོལ་གནང་རྗེས་ལིའུ་ཁྲེང་མིང་གིས་ལམ་སང་ཁུལ་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་ཐད་རིམ་པ་བགོས་ནས་གསོ་སྦྱོང་གི་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འཛིན་གྲྭའི་སློབ་ཡོན་ཡོངས་རྫོགས་ལ་མཇལ་འཕྲད་གནང་སྟེ་ཅི་འདྲ་བྱས་ནས་རང་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་ལས་ཀའི་ཆུ་ཚད་དང་ཕན་འབྲས་དངོས་མཐོར་འདེགས་གཏང་རྒྱུའི་ཐད་ལ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་རང་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་གི་གནས་བབ་དང་ལས་འགན་གྱི་དཀའ་ཚེགས་ཆེ་བའི་རང་བཞིན་དང་དེང་སྐབས་དབུལ་སྐྱོར་འགག་སྒྲོལ་ལས་ཀར་སྐུལ་འདེད་གཏོང་བའི་ཁྲོད་ཡོད་པའི་གནད་དོན་གྱི་གལ་ཆེན་རང་བཞིན། ཤང་དང་གྲོང་རྡལ་གྱི་ལས་ཀས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གལ་ཆེན་རང་བཞིན་བཅས་མཐོང་དགོས་པ་གསུམ་མངོན་གསལ་དོད་པོ་བྱེད་ཅིང་ཐེངས་འདིའི་གསོ་སྦྱོང་གི་དོན་སྙིང་གལ་ཆེན་ངོས་འཛིན་ཟབ་མོ་བྱ་དགོས།
 གཞན་ཡང་གསོ་སྦྱོང་གི་དམིགས་ཡུལ་གསལ་པོར་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་དབུལ་སྐྱོར་འགག་སྒྲོལ་སྐོར་གྱི་བཀོད་སྒྲིག་སྙིང་དོན་དང་གནད་སྨིན་དབུལ་སྐྱོར་ལས་ཀའི་སྲིད་ཇུས་བླང་བྱ་ཁག་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་གནད་སྨིན་དབུལ་སྐྱོར་སྐོར་གྱི་བཀོད་སྒྲིག་སྙིང་དོན་། རང་ཁུལ་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་གསར་སྐྲུན་དང་མཐུན་སྦྱོར། ལྗང་འགྱུར། སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་འཛིན་རྒྱུ་བཅས་གསུམ་ཡང་དག་པ་འཛིན་ཞིང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ཁོང་དུ་ཆུད་དགོས་པའི་ཐུགས་རེ་གནང་བ་རེད།།
  • ལེ་ཚན་སྔོན་མ།:ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཁུལ་སྨན་ཁང་གི་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་དར་མདོ་དང་འདབ་པ་ས་ཁུལ་དུ་སྨན་བཅོས་ལས་ཀ་སྤེལ་བ་རེད།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀ་རྩིས་སྤྲོད་ཀྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།