ཉེ་ཆར། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཁུལ་སྨན་ཁང་གི་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ཏེ་དར་མདོ་དང་འདབ་པ་ས་ཁུལ་གྱི་ལོ་ན14བར་གྱི་ཚོགས་སྤྱི་ལ་དུས་ཡུན་ཉིན14རིང་གི་སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་གཙང་བཤེར་བྱེད་པའི་ལས་ཀ་སྤེལ་བ་རེད།
སྨན་བཅོས་རུ་ཁག་སྔོན་རྗེས་སུ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་། དར་མདོ་གྲོང་ཁྱེར་གྱི་སྐྱ་གད་སློབ་ཆུང་། བྱིས་པ་ཁང་། ར་རྔ་ཁ་སློབ་ཆུང་། འདབ་པ་རྫོང་གྲོང་ཁུལ་གྱི་སློབ་ཆུང་། ཤམ་བྷ་ལའི་སློབ་ཆུང་། སྟོང་ཉིད་སློབ་ཆུང་སོགས་ལ་ཕྱིན་ནས་སྙིང་ཁམས་ཚོན་ལྡན་སྒྲ་འདས་ཀྱིས་ནད་བརྟག་བྱས་ནས་ཁྱོན་བསྡོམས་སློབ་མ་མིའི་ཐེངས་གྲངས3239ལ་ཞིབ་བཤེར་བྱས་པ་དང་། སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཡོད་མཁན་སློབ་མ48ཡོད་པ་དང་། སྐྱེས་ཐོབ་རང་བཞིན་གྱི་སྙིང་ནད་ཡོད་པའི་དོགས་ཡོད་མི་སྣ14ཡོད། ཞིབ་བཤེར་བྱེད་རིང་དུ་སྨན་བཅོས་རུ་ཁག་གིས་ད་དུང་དགེ་རྒན་དང་བུ་རྒྱུད་འགའ་ལ་རིན་པ་མི་དགོས་པར་སྙིང་ཁམས་ཚོན་ལྡན་སྒྲ་འདས་ཀྱིས་ནད་བརྟག་བྱས་ཤིང་བདེ་ཐང་སློབ་གསོ་དང་བློ་འདྲི་བྱས་པ་རེད།
ཟླ་བ11པའི་ཟླ་སྟོད་དུ་ཁུལ་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ནང་ནད་ཚན་ཁག་གིས་ཆིན་ཧྭ་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་ཆེད་རམས་པ་དང་མཉམ་དུ་ཞིབ་བཤེར་ཐོག་མ་བྱས་པའི་ཕྲུ་གུར་ཡང་དུ་ནད་བརྟག་བྱས་པར་མ་ཟད། བཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པར་གདམས་གསེས་བྱས་པ་དང་། ནད་ཕོག་ཚུལ་ལ་གཞིགས་ནས་སྨན་བཅོས་ཀྱི་འཆར་གཞི་གཏན་འབེབས་ཞིབ་ཕྲ་བྱས་ཤིང་རིན་པ་མི་དགོས་པར་བཤགས་བཅོས་བྱས་པ་རེད། པར་འདི་ནི་སྨན་བཅོས་རུ་ཁག་གིས་ནད་བརྟག་བྱེད་བཞིན་པའི་ཚུལ་རེད།