བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།

བདེ་སྐྱིད་སྒྲོལ་མ།    མཚོ་སྔོན་པོ་དྲ་བ།    2015-12-02

བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས་པ།
       ཉེ་ཆར།  མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་ན་གཞོན་རྩོམ་པ་པོ་བོང་སྟག་རི་ལུ་ཡི་སྙན་ངག་བགྲོ་གླེང་དང་རྒྱ་འགྱུར་སྙན་དེབ༼ནུབ་རླུང་ལ་སྒུག་པ༽ཞེས་པའི་འགྲེམ་སྤེལ་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།  བགྲོ་གླེང་སྟེང་དུ་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རྟེན་འབྲེལ་ཤིས་ཚིག་ཕུལ་བ་དང་ཆབས་ཅིག་རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་དང་འབྲོག་བསམ་གཏན།  ཐུ་བོ་ཆེ།  མོག་བུ་ཡེ་ཤེས་སྐྱབས། ཁ་བ་རི་སོགས་ཕྱོགས་སོ་སོའི་རྩོམ་པ་པོ་དང་ཀློག་པ་པོ་དག་གིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་དང་བགྲོ་གླེང་ཕུན་སུམ་ཚོགས་པ་བྱས།
 བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
ཚོགས་རའི་ཡུལ་དངོས།བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
      ཉྭ་ནག་པ་བ་རེས་ལགས་ཀྱིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་གནང་བཞིན་པ།  བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
     འབྲོག་བསམ་གཏན་ལགས་ཀྱིས་བོང་སྟག་རི་ལུའི་གླུ་ཚིག་དང་སྙན་ངག་ཐད་ནས་བགྲོ་གླེང་བྱེད་བཞིན་པ།  བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
     རྒན་ཐུ་བོ་ཆེའམ་བུན་ཁྲང་རྒྱལ་ལགས་ཀྱིས་བོང་སྟག་རི་ལུའི་སྙན་ངག་ལ་དཔྱད་བརྗོད་གནང་བཞིན་པ། བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་འདུ་ཚོགས་གཏེར་ལེན་ཁ་རུ་བསྡུས།
 
     སྙན་ངག་པ་བོང་སྟག་རི་ལུས་ཕྱི་དྲན་དང་འབྲེལ་ཕུགས་བསམ་འཚོལ་སྙེག་གི་སྐོར་ནས་ཁ་བརྡ་བྱེད་བཞིན་པ། 
       རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ནི་ཚྭ་འདམ་རྩོམ་རིག་ཕྲེང་བསྟར་བྱ་འགུལ་ཁྲོད་ཀྱི་གཅིག་ཡིན་ཞིང་། 2013ལོར་བོད་ཀྱི་རྩོམ་པ་པོ་ཉྭ་ནག་པ་བ་རེས་ལགས་ཀྱི་རྩོམ་རིག་བགྲོ་གླེང་ཐེངས་དང་པོར་སྤེལ་བ་ཡིན་ལ། བོང་སྟག་རི་ལུའི་སྙན་ངག་བགྲོ་གླེང་ནི་ཐེངས་གཉིས་པར་སྤེལ་བ་ཡིན།བགྲོ་གླེང་འདི་བརྒྱུད་ནས་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་ཚྭ་འདམ་གཞོང་གི་ན་གཞོན་རྩོམ་པ་པོ་ལ་རྒྱབ་སྐྱོར་བྱེད་པའི་གར་སྟེགས་བཟང་བོ་འདི་བསྐྲུན་པ་དང་རྗེས་ཕྱོགས་མུ་མཐུད་དུ་ན་གཞོན་རྩོམ་པ་པོ་མང་པོ་སྐྱེད་སྲིང་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་རྒྱུ་རེད།  
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་དར་མའི་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ལས་སྒྲུབ་རུ་ཁག་སྣེ་ཁྲིད་དེ་ཁྲེང་ཏུའུ་རུ་ཡུལ་སྐོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་ཀར་གྲོས་མོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།