རང་ཁུལ་གྱི་ས་གནས་ཁག་གིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་དང་ཁུལ་ཨུའི་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ནན་པོ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2015-12-07

  ལི་ཐང་རྫོང་།
  ཉེ་ཆར་ལི་ཐང་རྫོང་གིས་ལས་ཁུངས་དང་སྡེ་ཁག ཤང་དང་གྲོང་རྡལ། དགོན་པ་བཅས་ལ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་དང་དབུལ་སྐྱོར་འགག་སྒྲོལ་ལ་ལྟ་ཞིབ་ཞིབ་ཚགས་བཅས་བྱེད་བཞིན་ཡོད་པ་རེད། རྫོང་དེས་ཕྱོགས་ལྔའི་ཐད་ཞིང་ཆེན་དང་ཁུལ་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། ཉི་དུས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད་པ་རེད།།
  སེར་ཤུལ་རྫོང་།
  ཟླ་བ11པའི་ཚེས2ཉིན། སེར་ཤུལ་རྫོང་ཨུའི་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད། ཐེངས་འདིའི་གྲོས་ཚོགས་ནང་ནན་གསུམ་དྲང་གསུམ་གྱི་ཆེད་དོན་གསུམ་སློབ་སྦྱོང་གྲོས་བསྡུར་དང་། ནན་ཁྲུང་གྲོང་ཁྱེར་གྱི་འདེམས་ཤོག་རྔན་འཕེན་གྱོད་གཞིར་དབྱེ་ཞིབ་དང་བསམ་ཞིབ་བྱ་རྒྱུ་དེ་སློབ་སྦྱོང་གི་ནང་དོན་ནང་བཞག་ཡོད་པ་རེད། ལྟེ་གནས་ཚོ་ཆུང་ཁག་གི་ཁོངས་མི་ཚོགས་འདུར་ཞུགས་པ་རེད། ཚོགས་ཐོག《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་སྟངས་སྐོར་གླེང་བ》དང་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཐོག་གི་གསུང་བཤད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུ་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོག་གི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་བྱས་པ་རེད།།
  རྟའུ་རྫོང་།
  ཟླ་བ11པའི་ཚེས5ཉིན། ཞིང་འབྲོག་མང་ཚོགས་དང་ཉེ་བར་བཅར་པའི་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུའི་གྲོས་ཚོགས་ཀྱི་དགོངས་དོན། བཅའ་ཁྲིམས་བཅས་ཀྱི་ནང་དོན་འདུས་པའི་རྒྱལ་གཅེས་དང་ཁྲིམས་སྲུང་། དྲིན་གཟོ། མཐུན་སྒྲིལ་བཅས་ཀྱི2015ལོའི་ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པ་གྲོང་གསེབ་ཏུ་སྐྱོད་ཅེས་པའི་སྒྲོག་འགྲེལ་བྱེད་སྒོ་དེ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། པར་འདི་ནི་རྟའུ་རྫོང་གི་གྲྭ་བཙུན་རྣམས་ཀྱིས་སྒྲོག་འགྲེལ་ལ་ཉན་བཞིན་པའི་ཚུལ་རེད།།
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཀ་རྩིས་སྤྲོད་ཀྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:འབྲི་ཆུའི་འབབ་རྒྱུད་སོ་བ་ནང་ཆུ་གློག་ས་ཚུགས་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་དཔྱད་ཞིབ་དང་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།