ཟླ་བ11པའི་ཚེས19ཉིན། དར་མདོའི་གངས་ཆུ་ཟམ་པ་ནས་དར་མདོའི་སློབ་འབྲིང་བར་གྱི་མགྱོགས་ལམ་ཨར་ལས་གྲུབ་ནས་གློག་སྒྲོན་དང་སྐྱོར་ར་བཟོ་བཀོད་བྱེད་བཞིན་སྣང་། དེ་ནི་དར་མདོའི་མི་ཉག་ལྟག་སྒོ་སྐོར་ནས་དར་མདོའི་གྲོང་གསར་ལ་འགྲོ་དུས་ངེས་པར་དུ་བརྒྱུད་དགོས་པའི་གཞུང་ལམ་གསར་པ་ཞིག་ཡིན་ཞིང་། དེས་རྒྱལ་སྲུང་གཞུང་ལམ318པའི་ཐོག་རླངས་འཁོར་འཚང་བའི་གནས་ཚུལ་ལྷོད་དུ་གཏོང་ཞིང་། གྲོང་མིའི་འགྲོ་འོང་བྱེད་དུས་ཀྱི་ཉེན་ཁ་ཆུང་དུ་གཏོང་བར་མ་ཟད། ད་དུང་སྔོན་ལས་ལམ་ཐག་ཐུང་བས་གྲོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་བ་རེད།།