རང་ཁུལ་གསོ་རིག་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་འཚོགས།

དབྱངས་ཅན་གྱིས་བསྒྱུར།        2015-11-10

ཉེ་ཆར། ཁུལ་ཡོངས་ཀྱི་གསོ་རིག་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཚོགས་མིའི་འཐུས་ཚབ་ཚོགས་ཆེན་དེ་ཁུལ་སྲིད་གཞུང་གི་ཁང་བརྩེགས་ལྔ་པའི་ཚོགས་ཁང་དུ་འཚོགས་ཤིང་། ཚོགས་མིའི་སྡེ་ཚན་སོ་སོའི་འཐུས་ཚབ140གྲོས་ཚོགས་ནང་ཞུགས་པ་དང་། ཁུལ་སྲིད་གཞུང་དང་། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། ཁུལ་ཚན་རིག་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཆེན་ནང་ཞུགས་པ་རེད།
 ཐེངས་འདིའི་གྲོས་ཚོགས་ཐོག་གསོ་རིག་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ལས་འཛིན་གྱི་སྐབས་བརྗེ་འདེམས་བསྐོའི་ལས་ཀ་སྤེལ་ནས། གསོ་རིག་ལྷན་ཚོགས་ཀྱི་རེས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན60བདམས་ཐོན་བྱུང་བ་དང་། རྒྱུན་ལས་ལས་འཛིན34 ལྷན་ཚོགས་ཀྱི་འགོ་འཛིན1 ལྷན་ཚོགས་ཀྱི་འགོ་འཛིན་གཞོན་པ9བཅས་བདམས་ཐོན་བྱུང་བ་རེད། གྲོས་ཚོགས་ཐོག་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་ཀའི་སྙན་ཞུ་དང་། སྐབས་དྲུག་པའི་ཚོགས་མིའི་འཐུས་འཚབ་ཀྱི་ཐོབ་ཐང་གི་གྲོས་གཞིའི་སྙན་ཞུ། ལས་འཛིན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་སྙན་ཞུ།《དཀར་མཛེས་ཁུལ་གསོ་རིག་ལྷན་ཚོགས་ཀྱི་སྒྲིག་ཡིག》གི་གསལ་བཤད་བཅས་ལ་གྲོས་འཆམ་བྱུང་བ་རེད། ཁུལ་སྨན་ཁང་གི་ཡོན་ཀྲང་རྡོ་རྗེ་སྐབས་དྲུག་པའི་དཀར་མཛེས་ཁུལ་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བདམས་ཐོན་བྱུང་བར་མ་ཟད། སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་དང་པོའི་གྲོས་ཚོགས་འཚོགས་པ་དང་། སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་སྐོར་གྱི་ལས་ཀའི་སྙན་ཞུའི་གྲོས་ཆོད་དང་། 《དཀར་མཛེས་ཁུལ་གསོ་རིག་ལྷན་ཚོགས་ཀྱི་སྒྲིག་སྲོལ》ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད་དང་ཁུལ་གསོ་རིག་ལྷན་ཚོགས་ཀྱི་ཚོགས་མིའི་གྲོན་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་གྲོས་གཞིར་ཞིབ་བཤེར་དང་གྲོས་འཆམ་བྱུང་བ་རེད།
 ཁུལ་གསོ་རིག་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚོགས་པས་ཚོགས་མི་དང་མཐུན་སྒྲིལ་བྱས་ནས། བཅའ་ཁྲིམས་ལྟར་ཚོགས་པ་འཛུགས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གསོ་རིག་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་བབ་འོས་ཀྱི་བྱས་རྗེས་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།།
  • ལེ་ཚན་སྔོན་མ།:སློབ་གསོ་ཚན་རིག་ཚན་ཁག་གིས་ཨེ་ཛིའི་འགོས་ནད་འགོག་བཅོས་བྱ་རྒྱུའི་ཤེས་བྱའི་གསོ་སྦྱོང་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་དྲ་ཐོག་བརྙན་འཕྲིན་ནོར་ནོར་བརྙན་འཕྲིན་ཞེས་པ་དང་ཁ་པར་པར་གཞི་བོད་ལ་གཅེས་ཞེས་པ་དངོས་སུ་ཤར་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།