ཀྲུང་གོ་བོད་ཀྱི་དྲ་བ། 2015-11-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས29ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་བཟོ་སྐྲུན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ། རིག་དངོས་སྲུང་སྐྱོང་བཟོ་སྐྲུན་གྱི་འཛུགས་སྐྲུན་རྣམ་གྲངས་ཐད་ཀྱི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། ཉེ་དུས་ཀྱི་ལས་དོན་གཙོ་བོ་དག་ལ་བཀོད་སྒྲིག་བྱས།
བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའམ། བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་བཟོ་སྐྲུན་སྙོམས་སྒྲིག་མགོ་ཁྲིད་ཚོ་ཆུང་གི་མགོ་གཙོ་ལྕགས་ར་བློ་བཟང་རྒྱལ་མཚན་ཚོགས་འདུ་ལ་ཞུགས་ཏེ་གཏམ་བཤད་གནང་།
ཚོགས་འདུ་ལས་བསྟན་དོན། ད་ལོའི་རིང་ལ། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་རྒྱལ་ཡོངས་རིག་དངོས་ཅུའུ་ཀྲང་གི་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་བཟོ་སྐྲུན་སྙོམས་སྒྲིག་མགོ་ཁྲིད་ཚོ་ཆུང་གིས་བྱ་བའི་བཀོད་སྒྲིག་ལྟར། བྱ་བའི་ལས་འགན་དངོས་འབེབས་བྱས་ཏེ། ཞིབ་མཆན་གནང་བའི་གོ་རིམ་ཇེ་ཉུང་དུ་བཏང་ནས། ལས་གཞི་འཛུགས་སྐྲུན་བྱ་བར་རྩ་འཛུགས་དང་། སྤུས་ཚད་དོ་དམ་བྱ་བར་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་བྱ་བར་ནན་གྱིས་བཟུང་བས། གཙོ་གནད་རིག་དངོས་སྲུང་སྐྱོང་བཟོ་སྐྲུན་གྱི་འཛུགས་སྐྲུན་བྱ་བ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། ཟླ10བའི་ཟླ་མཇུག་བར་དུ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ཁྲོད། རྒྱལ་ཁབ་ཀྱི་དངུལ་གཏོང་ཕལ་ཆེར་འབྱོར་ཡོད་ཅིང་། རྣམ་གྲངས23ལེགས་འགྲུབ་བྱུང་ཡོད་དེ། རྣམ་གྲངས20ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཇུས་འགོད་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། དེ་བས་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་སློབ་སྦྱོང་ནན་ཏན་བྱས་ཏེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྐོར་གྱི་དགོངས་དོན་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་དང་། དོན་དངོས་དང་བསྟུན་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུ། སྲིད་གཞུང་གི་སྲིད་ཇུས་བཀོད་སྒྲིག་དང་བསམ་བློ་གཅིག་བྱེད་དགོས་པ་མ་ཟད། བསམ་བློ་གཅིག་གྱུར་གྱི་གལ་ཆེན་རང་བཞིན་དང་དམིགས་བསལ་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། རང་ཉིད་ཀྱི་འགན་འཁྲིའི་རང་བཞིན་ལ་ཤུགས་སྣོན་བྱེད་དགོས། དེ་མིན་གནས་བབ་ལ་ངོས་འཛིན་ཡང་དག་དང་ལས་འགན་ཁྲག་ཏུ་འཁུར་ནས། རིག་དངོས་སྲུང་སྐྱོང་བཟོ་སྐྲུན་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། བོད་ལྗོངས་ཀྱི་གཟུགས་འདས་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས་ཟེར། །
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ