ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ལ་བཅར་འདྲི་བྱས།

        2015-11-05

ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ལ་བཅར་འདྲི་བྱས།

གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་པ་དཀོན་མཆོག་རྡོ་རྗེ་ལ་བཅར་འདྲི་བྱེད་བཞིན་པ། 

  སྤྱི་ཟླ་11པའི་ཚེས་4ཉིན། ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱི་གསར་འགོད་པས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་འགན་འཛིན་པ་དཀོན་མཆོག་རྡོ་རྗེ་ལ་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་ད་ལྟའི་གནས་བབ་དང་འབྱུང་འགྱུར་འཕེལ་རྒྱས་ཐད་ནས་བཅར་འདྲི་བྱས། དེ་མིན་གངས་ལྗོངས་ཉི་གཞོན་གྱིས་གཙོ་སྒྲུབ་བྱེད་བཞིན་པའི་ཁ་བཏགས་དཀར་པོ་དང་གངས་ལྗོངས་ཉི་གཞོན། སྒྲོག་འགྲེལ་ངེས་ཀློག་བཅས་དུས་དེབ་གསུམ་དང་། གངས་ལྗོངས་ཉི་གཞོན་པར་མཛོད་དང་དཔེ་མཛོད་དྲ་ཚུགས། གངས་ལྗོངས་ཉི་གཞོན་དྲ་ཕྲན་དང་བརྙན་ཕྲན། འཕྲིན་ཕྲན། པོད་ཕྲན་བཅས་འཕྲིན་ཕྲན་བརྒྱད་དང་སྐད་གཉིས་མཁོ་སྤྲོད་འཇུག་སྒོ་བཅས་འཕྲིན་སྦྱོར་གྱི་ཐོན་རྫས་གསར་པའི་སྐོར་ལ་རྒྱུས་ལོན་བྱས།

ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ལ་བཅར་འདྲི་བྱས།
གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

  2013ལོར་གངས་ལྗོངས་ཉི་གཞོན་དུས་དེབ་གསར་དུ་བཏོན་པ་ལས་སི་ཁྲོན་ཞིང་ཆེན་ལ་བོད་ཡིག་ཏང་དེབ་མེད་པའི་ལོ་རྒྱུས་མཇུག་རྫོགས། དུས་དེབ་འདིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་གལ་ཆེན་དང་བོད་ཁུལ་གྱི་འཕེལ་རྒྱས་གསར་པ། ས་གནས་རིག་གནས། འཕྲོད་བསྟེན་དང་ཁྲིམས་ལུགས་ཤེས་བྱ་སོགས་འདྲ་པར་དང་ཡི་གེ་ཟུང་འབྲེལ་གྱིས་སྤེལ་བཞིན་ཡོད་ལ། དུས་ཡུན་ཐུང་བའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ།

ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ལ་བཅར་འདྲི་བྱས།

གངས་ལྗོངས་ཉི་གཞོན་དྲ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིནཔ།  

  2014ལོའི་ཟླ་10པའི་ཚེས་1ཉིན་ཁ་བཏགས་དཀར་པོ་ཞེས་པའི་དུས་དེབ་གསར་དུ་བཏོན། དུས་དེབ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་ཆོས་ལུགས་སྲིད་ཇུས། རིག་གཞུང་དཔྱད་རྩོམ་དང་རྩོམ་རིག་བརྩམས་ཆོས། ཚན་རྩལ་ཤེས་བྱ་སོགས་བརྗོད་བྱར་བཟུང་པའི་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཅིག་ཡིན། 
  2015ལོའི་ཟླ་7པའི་ཚེས་1ཉིན། གངས་ལྗོངས་ཉི་གཞོན་བོད་ཡིག་དང་རྒྱ་ཡིག་དྲ་བ་དངོས་སུ་གཏོང་འགོ་ཚུགས་ཤིང་། ད་ལྟའི་བར་ཀློག་གྲངས་ཁྲི་500ལས་བརྒལ་བ་ཞིང་། ཨ་རི་དང་དབྱིན་ཇི། རྒྱ་གར། བལ་བོ་སོགས་རྒྱལ་ཁབ་དང་ས་གནས་100ལྷག་གི་རྒྱལ་ཕྱིའི་ཀློག་པ་པོས་ཀྱང་གངས་ལྗོངས་ཉི་གཞོན་དྲ་བར་དོ་སྣང་བྱེད་བཞིན་འདུག་ལ། གངས་ལྗོངས་ཉི་གཞོན་དྲ་བར་རྒྱལ་ནང་དང་རྒྱལ་སྤྱི། བོད་ཁུལ་གྱི་གསར་འགྱུར་གཙོ་བྱས་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་བསྟན། གསོ་རིག ཚན་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་དང་འབྲེལ་བའི་ནང་དོན་སྤེལ་བཞིན་ཡོད། 

ཨ་མདོ་བརྙན་འཕྲིན་ཁང་གི་གླེང་སྟེགས་ལེ་ཚན་གྱིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ལྟེ་གནས་ལ་བཅར་འདྲི་བྱས།

འཕྲིན་སྦྱོར་ཐོན་རྫས་གསར་པ་ཁག་ཅིག་ངོ་སྤྲོད་བྱེད་བཞིན་པ།

  ཆ་འཕྲིན་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་2015ལོའི་ཟླ་བ་3པའི་ཚེས་13ཉིན་སི་ཁྲོན་དུས་དེབ་ཚོགས་པས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་སུ་བཙུགས། དེ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཡིན་ཞིང་འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་དགོས་མཁོ། ལོ་ཚོད་མི་འདྲ་བའི་ཀློག་པ་པོའི་འཚོ་བའི་གོམས་གཤིས་དང་། ས་གནས་ཀྱི་ཆ་རྐྱེན་ལ་གཞིགས་ནས་གངས་ལྗོངས་ཉི་གཞོན་དུས་དེབ་དང་ཁ་བཏགས་དཀར་པོའི་དུས་དེབ། སྒྲོག་འགྲེལ་ངེས་ཀློག་བཅས་དུས་དེབ་གསུམ་དང་། གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཚུགས། གངས་ལྗོངས་ཉི་གཞོན་པར་མཛོད་དང་དཔེ་མཛོད། ད་དུང་གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཕྲན། འཕྲིན་ཕྲན། པོད་ཕྲན། བརྙན་ཕྲན། གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཇུག་སྒོ་གཉིས་བཅས་ཕྲན་འཕྲིན་བརྒྱད་དང་འཇུག་སྒོ་གཉིས་སོགས་འཕྲིན་སྦྱོར་བརྒྱུད་ལམ་སྣ་མང་སྤྱད་དེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་བསམ་བློའི་རིག་གནས་གྱ་ནོམ་ཅན་དུ་གཏང་བར་འབད་པ་བྱེད་བཞིན་ཡོད། །

 
  • ལེ་ཚན་སྔོན་མ།:ཞིང་ཆེན་བོད་ཁུལ་ལས་དོན་གྲོས་ཚོགས་དགོངས་དོན་འགྲེལ་སྒྲོག་ཚོགས་འདུ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སུ་དམངས་གཉེར་ལས་རིགས་སློབ་གྲྭའི་ལས་ཞུགས་རྒྱ་ཆེར་བཏང་སྟེ་ཞིང་འབྲོག་ཁུལ་གྱི་བུ་ཕྲུག་ལ་ལས་ཞུགས་ཐབས་ལམ་ཇེ་མང་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།