མཚོ་སྔོན་བོད་སྐད་རྒྱང་སྒྲོག 2015-10-21
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཁཱ་ཀི་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་སྔར་ལས་མང་བའི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་གཏོང་གིན་ཡོད་ཟེར།
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་ཁྲུའུ་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཁཱ་ཀི་ཉིན་དེར་ལེ་པཱ་ནུན་བྱང་ཕྱོགས་ཀྱི་ཨ་ཁཱ་ཨར་ས་ཁུལ་དུ་སོང་ནས་སི་རི་ཡཱའི་ཡུལ་གྱར་བའི་ཁྱིམ་ཚང་དང་སི་རི་ཡཱའི་ཡུལ་གྱར་བའི་བྱིས་པས་སློབ་སྦྱོང་བྱེད་སའི་གཞུང་བཙུགས་སློབ་གྲྭར་རྟོག་ཞིབ་བྱས་པ་དང་། ས་གནས་སྲིད་གཞུང་དང་སྤྱི་ཚོགས་ཚོགས་ཁག་དང་མཉམ་དུ་སི་རི་ཡཱའི་ཉམས་ཉེན་ལས་ལེ་པཱ་ནུན་ལ་བཟོས་པའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འགྲན་རྩོད་ལ་གྲོས་བསྡུར་བྱས་ཟེར།
ཁཱ་ཀི་ཡིས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་མེས་རྒྱལ་དང་ཕ་ཡུལ་ལ་ཁ་བྲལ་ཡོད་པ་དང་། མིག་སྔར་འཚོ་བའི་གནས་ཚུལ་ལ་ཧ་ཅང་དཀའ་ཁག་ཆེ། ལེ་པཱ་ནུན་གྱི་སྡོད་དམངས་དག་གི་འཚོ་བའང་འབྱོར་ཕྱུག་མི་ལྡན་ཡང་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་གང་མང་བྱས་པར་ཡིད་འགུལ་ཐེབས་པ་ཞིག་རེད་ཟེར།
ཁཱ་ཀི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་དང་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་ལེ་པཱ་ནུན་གྱི་སྤྱི་ཚོགས་ཚོགས་པར་སྔར་ལས་མང་བའི་བྲེལ་མྱུར་རོགས་སྐྱོར་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བའི་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པའི་འཚོ་བའི་དཀའ་ཁག་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་གཏོང་གིན་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10