ལིས་ཁི་ཆང་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱིས་ལས་སྤེལ་གསར་སྐྲུན་བྱེད་པའི་བྱ་འགུལ་གཟའ་འཁོར་སྐབས་དང་པོར་ཞུགས་པར་མ་ཟད་འགྲེམ་སྟོན་ཁུལ་ལ་རྟོག་ཞིབ་མཛད།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-10-21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ནས་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱིས་ལས་སྤེལ་གསར་སྐྲུན་བྱེད་པའི་བྱ་འགུལ་གཟའ་འཁོར་སྐབས་དང་པོར་ཞུགས་པར་མ་ཟད་འགྲེམ་སྟོན་ཁུལ་ལ་རྟོག་ཞིབ་མཛད།

གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱིས་ལས་སྤེལ་གསར་སྐྲུན་བྱས་པའི་གྲུབ་འབྲས་མངོན་པར་བྱེད་པ། སྟེགས་བུ་འདོན་སྤྲོད་བྱས་ཏེ་ལས་སྤེལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གསར་བ་གཅིག་སྡུད་འབྲེལ་མཐུད་བྱེད་པར་ཡར་སྐུལ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ད་ལོ་ནས་བཟུང་རྒྱལ་ཡོངས་ནས་མང་ཚོགས་ཀྱིས་ལས་སྤེལ་གསར་སྐྲུན་བྱེད་པའི་བྱ་འགུལ་གཟའ་འཁོར་སྤེལ་རྒྱུ་དང་། ས་ཁུལ་མང་པོ་ནས་དུས་མཉམ་དུ་བྱ་འགུལ་སྤེལ་རྒྱུ་རེད།

ལིས་ཁི་ཆང་བྱ་འགུལ་གཟའ་འཁོར་སྤེལ་བའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་དེ་རྒྱུན་རྣམ་གསར་བར་བསླེབས་ཡོད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་དང་ སྒུལ་ཤུགས་གསར་རྙིང་བསྒྱུར་བའི་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། ལས་སྤེལ་གསར་སྐྲུན་གྱི་གྲུབ་ཚུལ་རང་བཞིན་ལ་བཅོས་སྒྱུར་བྱེད་པ་དེས་ཚོང་རའི་གསོན་ཤུགས་དང་སྦས་ཤུགས། སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་སྐུལ་ནས་འཕེལ་རྒྱས་ཀྱི་ནུས་ཤུགས་གསར་བ་གསར་སྐྲུན་བྱེད་དགོས། ལས་སྤེལ་གསར་སྐྲུན་གྱིས་གྲུབ་ཚུལ་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རང་བྱུང་ཐོན་ཁུངས་ལ་བརྟེན་པ་ནས་མི་ཤུགས་ཐོན་ཁུངས་ལ་བརྟེན་པའི་ཕྱོགས་སུ་བསྒྱུར་ནས། དཔལ་འབྱོར་མགྱོགས་མྱུར་སྒོས་འཕར་བ་དང་ཆུ་ཚད་མཐོ་བའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་མཐོ་རིམ་སློབ་གྲྭའི་དགེ་སློབ་དང་གཞི་རིམ་གྱི་བཟོ་བ། ཞོར་ལས་ལ་སོང་ནས་ཕྱིར་ལོག་པའི་ཞིང་བ་སོགས་ཀྱི་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ལ་གཟིགས། ཁོང་གིས་དམངས་ཡོངས་ཀྱིས་ལས་སྤེལ་གསར་སྤེལ་བྱེད་པའི་ལས་འགན་གཙོ་བོ་ནི་གསར་སྐྲུན་ཡིན་པ་དང་དཀྱིལ་སྙིང་ནི་དམངས་ཡོངས་ཀྱི་གསར་སྐྲུན་བྱེད་དགོས་པ་དེ་ཡིན། ལས་སྤེལ་གསར་སྐྲུན་ནི་ཡོང་སྒོ་བགོ་བཤའི་བཅོས་སྒྱུར་དང་སྤྱི་ཚོགས་དྲང་བདེན་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་ཡིན་པས། ལས་ཞུགས་ལས་གནས་གང་མང་ཞིག་ཇེ་མང་དུ་གཏོང་ཐུབ་པ་དང་འདྲ་མཉམ་ཡིན་པའི་གོ་སྐབས་གང་མང་འདོན་སྤྲོད་བྱས་ནས། མི་མང་པོ་ཞིག་གིས་འབད་བརྩོན་བྱས་པ་བརྒྱུད་ནས་རང་ཉིད་ཕྱུག་པོར་བསྒྱུར་དགོས་པའི་སྐུལ་མ་བཏང་།

ལིས་ཁི་ཆང་གིས་གསུངས་རྒྱུར། གསར་སྐྲུན་ལ་བརྟེན་ནས་མ་འོངས་པར་གྲུབ་འབྲས་ལེན་པ་དེ་དུས་རབས་འདིའི་ཐུན་མོང་གི་ལྟ་ཚུལ་གསར་བར་གྱུར་ཡོད་པ་དང་། ལས་སྤེལ་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་དེང་རབས་ཀྲུང་གོ་བའི་སྤྱོད་ཚུལ་བཟང་བོ་གསར་བཟོ་བྱེད་བཞིན་ཡོད། ཚང་མས་ལས་སྤེལ་གསར་སྐྲུན་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་ཐད་ལ་གྲུབ་འབྲས་གསར་བ་གསར་སྐྲུན་དགོས་ཟེར།  ། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་ཅེས་པའི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་བྱས་པར་མ་ཟད་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་ལ་བཀྲམས།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
  • དོ་སྣང་ཆེ་བའི་རྩོམ།