ཉེ་བའི་ལོ་ཤས་རིང་།ཅང་ཞི་ཝན་ཙའེ་ཡིས་སྐྱེ་ཁམས་ཀྱི་མཐུན་རྐྱེན་འདོན་སྤེལ་དང་། ཚན་རྩལ་གྱིས་སྒུལ་ཤུགས་བྱས་པ། སྤྱི་གཉེར་ཁང་དང་རྟེན་གཞི། མཉམ་ལས་ཁང་གི་མཉམ་ལས་ཚོ་ཆུང་། ཞིང་དུད། ཞིང་པའི་གླ་པ་བཅས་ཀྱིས་མཉམ་ལས་བྱེད་པའི་མ་དཔེ་བསྐྲུན་པར་བརྒྱུད། སྐྱེ་ལྡན་གྱི་ཞིང་ལས་སྟོབས་ལྡན་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་སྐྱེ་ལྡན་ཐོན་ལས་དེགཞི་ཁྱོན་ཅན་དུ་རྒྱ་བསྐྱེད་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་འཕོ་འགྱུར་བྱུང་། 1999ལོར་སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བ་ནས་ད་ལྟའི་བར། ཝན་ཙའོ་ཀྱི་སྐྱེ་ལྡན་ཞིང་ལས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་ས་ཞིང་གི་གཞི་ཁྱོན་མུའུ་ཁྲི28.7ལ་འཕར་སྣོན་བྱུང་བ་དང་། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་ལོ་ཐོག་རིགས38ཡོད་པ། སྐྱེ་ལྡན་ལས་སྣོན་བྱེད་མཁན་གྱི་སྣེ་ཁྲིད་ཁེ་ལས12ཐོག་འཕར་ཡོད་པ་རེད། སྐྱེ་ལྡན་ཞིང་ལས་ཐོན་རྫས་གླིང་ཆེན་ཡོ་རོབ་དང་། གླིང་ཆེན་ཨ་མེ་རི་ཁ། ལྗར་པན་སོགས་རྒྱལ་ཁབ་དང་ས་ཁུལ་ལ་འཚོང་བ་རེད།