སྐབས་གསུམ་པའི་རྒྱལ་ཡོངས་བློ་རིག་ལུས་རྩལ་འགྲན་ཚོགས་མགོ་བརྩམས།

        2015-09-23

 སྤྱི་ཟླ9བའི་ཚེས12ཉིན། སྐབས་གསུམ་པའི་རྒྱལ་ཡོངས་བློ་རིག་ལུས་རྩལ་འགྲན་ཚོགས་དེ་ཧྲན་ཏུང་ཙོ་གྲོང་ནས་གཟབ་རྒྱས་ངང་མགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་འགྲན་ཞུགས་པ58ཐེངས་འདིའི་འགྲན་ཚོགས་ཀྱི་ཏག་སེ་དང་ཝེ་ཆི་མིག་མངས། མིག་མངས་སོགས་རྣམ་གྲངས་ཆེན་པོ3ལ་ཞུགས་ཡོད།ལོ་བཞིའི་རིང་ལ་ཐེངས་རེར་སྤེལ་བཞིན་པའི་རྒྱལ་་ཡོངས་བློ་རིག་ལུས་རྩལ་འགྲན་ཚོགས་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མིག་མངས་དོ་དམ་ལྟེ་གནས་གྱིས་གཙོ་སྒྲུབ་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་རྒྱལ་ཡོངས་ལུས་རྩལ་ཚོགས་ཆེན་སོགས་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་རྗེས་ནས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་བློ་རིག་ལུས་རྩལ་རྣམ་གྲངས་གཙོ་ཡིན་པའི་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་རེད། ཐེངས་འདིའི་ཚོགས་ཆེན་དེ་ཟླ9བའི་ཚེས12ཉིན་ནས་ཚེས22ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཝེ་ཆི་མིག་མངས་དང་མིག་མངས། རྒྱལ་སྤྱིའི་མིག་མངས། ཏག་སེ། རྒྱལ་སྤྱིའི་མཆོང་སྒྲིག་མིག་མངས། རྡེའུ་ལྔའི་མིག་མངས་སོགས་དངོས་གཞིའི་འགྲན་སྡུར་རྣམ་གྲངས6ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31དང་འཆར་གཞིའི་གྲོང་ཁྱེར5། ལས་རིགས་མཐུན་ཚོགས11། དེ་མིན་ད་རུང་ཞང་ཀང་དང་ཨོ་མིན་དམིགས་གསལ་སྲིད་འཛིན་ས་ཁུལ་བཅས་ནས་ཡོང་བའི་ལས་ཁུངས46འགྲན་སྡུར་ལ་ཞུགས་ཡོད་པ་དང་ལུས་རྩལ་པ2700ལྷག་དང་རུ་ཁག་གི་སྣེ་ཁྲིད་པའི་རྩལ་འཁྲིད་པ446ལྷག་འགྲན་སྡུར་ལ་ཞུགས་ཡོད་ལ། འགྲན་ཚོགས་ཀྱི་སྤྱིའི་མི་གྲངས6000ལྷག་ལ་སླེབས་ཡོད།མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་རུ་ཁག་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བློ་རིག་ལུས་རྩལ་རྣམ་གྲངས་ཀྱི་འཕེལ་རྒྱས་ལ་ཧ་ཅང་གཙིགས་འཛིན་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་བློ་རིག་ལུས་རྩལ་ལ་དགའ་མཁན་དང་ཞུགས་མཁན་ཧ་ཅང་མང་བས་རྒྱལ་ནང་ནས་སྤེལ་བའི་འགྲན་སྡུར་རེ་རེའི་ཁྲོད་དུ་སྐར་འབྲས་བཟང་བོ་ཐོབ་ཡོད། དེ་མིན། མཚོ་སྔོན་གྱི་ཐེངས་འདིའི་འགྲན་སྡུར་ལ་ཞུགས་མཁན་གྱི་མི་གྲངས་ཀྱང་སྐབས་སྔོན་མ་དག་དང་བསྡུར་ན་ཇེ་མང་དུ་སོང་ཡོད་ལ། འགྲན་ཞུགས་པ་ཚོས་ཧུར་ཐག་བྱས་པ་བརྒྱུད་ནས་ཐེངས་འདིའི་འགྲན་སྡུར་ཁྲོད་ཀྱང་སྐར་འབྲས་བཟང་བོ་ཐོབ་ཡོད།
  • ལེ་ཚན་སྔོན་མ།:སྐབས་དགུ་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་དྲུག་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།