བན་དེ་སྐྱབས། མཚོ་སྔོན་གསར་འགྱུར་དྲ་བ། 2015-09-08
གསེར་ལྡན་སྟོན་གྱི་དུས་སྐབས་སུ། པེ་ཅིན་ནས་མཆེད་ཡོང་བའི་བཀྲ་ཤིས་པའི་གཏམ་བཟང་གིས་མཚོ་སྔོན་གྱི་འཛིན་མའི་ཁྱོན་ཡོངས་སྤྲོ་བས་གཏམས། ཀྲུང་དབྱང་ཐེངས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དེས། འཐབ་ཇུས་དང་སྤྱི་ཡོངས་གི་ཚད་གཞི་མཐོ་ས་ནས་འགྲེང་སྟེ། ད་ལྟ་དང་མ་འོངས་བའི་དུས་ཡུན་གང་འཚམ་རིང་གི་བོད་ལྗོངས་བྱ་བ་བདེ་ལེགས་ངང་བསྒྲུབ་པར་རྩ་གནད་རང་བཞིན་གྱི་དགོངས་འཆར་བཏོན་ཡོད་པ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་འཕེལ་རྒྱས་ལས་དོན་འདི་ཉིད་སྒུལ་ཤུགས་གསར་བ་ཞིག་ཏུ་བདམས་ཡོད་པས། བསྟུད་མུར་ཉིན་ཁ་ཤས་ཀྱི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་དང་ཡུས་ཧྲུའུ། མགོ་ལོག་བཅས་བོད་རིགས་རང་སྐྱོང་ཁུལ་གསུམ་གྱི་ལས་བྱེད་པ་དང་མི་དམངས་མང་ཚོགས་བཅས་ཀྱི་ཁྲོད་ནས་ཀྲུང་གོ་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ལ་ཚུར་སྣང་ཆེན་པོ་བྱུང་།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲུང་ཅང་ཡེ་ཁྲིན་གྱིས་བཤད་རྒྱུར། བོད་ཁུལ་གྱི་བྱ་བ་འཐུས་ཤོར་མེད་པའི་བསྒྲུབ་པ་ལ་ཆེས་མེད་དུ་མི་རུང་བ་ནི། གསར་སྐྲུན་གྱི་ནུས་པ་དང་འཐབ་རྩོད་ཀྱི་མཁོ་ལག་རྫོགས་པའི་ལས་བྱེད་པ་དང་འཇོན་ཐང་མི་སྣའི་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་གནད་འགག་ཡིན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས་པའི་སྐོར་ལ་བཏོན་པའི་བླང་བྱ་ཡིད་ལ་དམ་པོར་བཅངས་ནས། ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བའི་གནས་བབ་ཇེ་ལེགས་སུ་གཏོང་བར་སྒོ་ཀུན་ནས་འབུངས་དགོས་ཟེར། དེ་མིན་ད་དུང་ཡུས་ཧྲུའུ་གྲོང་ཁྱེར་གྱི་དམངས་ཕལ་བ་ཚེ་རིང་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཝུའུ་བེ་སོགས་ཀྱིས་ཀྱང་། ཀྲུང་གོ་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་གལ་ཆེན་རང་བཞིན་སྐོར་ནས་ལྟ་ཚུལ་གསོང་བོར་ལབ།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ