བོད་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་ཚོགས།

    བོད་ལྗོངས་འཕྲིན་དྲ།    2015-09-07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས1ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་སྐོང་ཚོགས་བྱས་པ་རེད།

བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཏིང་ཞའོ་ཀང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 ཏིང་ཞའོ་ཀང་གིས་དེང་སྐབས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་ཆེན་མོ་སོགས་དུས་སྟོན་མང་བའི་སྐབས་སུ་སླེབས་ཡོད་པས། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་སྲུང་དང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀར་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་དུས་བདེ་འགན་སྲུང་བྱེད་རྒྱུ་དེ་ནི་དེང་སྐབས་ལས་ཀའི་གལ་ཆེའི་ནང་གི་གལ་ཆེན་རེད།

བོད་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ངེས་པར་དུ་དེང་སྐབས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་འཕྲད་པའི་དུས་བབ་གལ་ཆེན་དང་ལས་འགན་ལྕི་པོར་ངོས་འཛིན་གསལ་པོ་བྱས་ཏེ། ཐོན་སྐྱེད་བདེ་འཇགས་དེ་གནས་བབ་ཨང་དང་པོར་འཇོག་པ་དང་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་འཇུག་པ། བྱ་ཐབས་དེ་བས་ནན་པོ་བཟུང་བ། བཀོད་སྒྲིག་ལུགས་མཐུན་དང་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་སྐྱོན་བྲལ་དང་བརྟན་པོའི་རྣམ་པ་རྒྱུན་འཁྱོངས་གང་ཐུབ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

 ཏིང་ཞའོ་ཀང་གིས། རིམ་ཁག་ཚན་པ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཀྱི་དམར་ཐིག་བློ་ལ་བརྟན་པོར་ངེས་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་སྲིད་ཚན་པའི་ཕྱོགས་བསྡུས་ལྟ་འདོམས་དང་ལས་རིགས་ལྟ་འདོམས། ས་ཁོངས་ལྟ་འདོམས་བཅས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ། ཐོན་སྐྱེད་བདེ་འཇགས་ཀྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་ཚེ་མི་བལྟོས་པ་གསུམ་དང་བློས་མི་གཏོང་བ་བཞིའི་བླང་བྱ་གཞིར་བཟུང་ཁྲིམས་དང་སྒྲིག་ལམ་བཞིན་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་པེ་ཅིན་ནས་བསྡུས་པའི་ཀྲུང་གོ་དང་ཨུ་རུ་སིའི་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་སློབ་གཙོའི་གླེང་སྟེགས་སྐབས་གཉིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ལྷོ་མའི་ཙུང་ཐུང་ཙོའོ་མ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།