རིན་ཆེན་མཚོ། མཚོ་སྔོན་གསར་འགྱུར་དྲ་བ། 2015-09-02
ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཚོང་དོན་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སྐུལ་སྤེལ་ལྟེ་གནས་གཉིས་ཀྱིས་འགན་ཁུར་ནས་སྒྲུབ་པའི2015ལོའི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་དང་སྲུང་སྐྱོབ་ཐད་ཀྱི་ཟབ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས། བྷང་ཀ་ལ་དང་ཀྲི་ལི། ཁུ་པ། ཏོ་སྨི་ནི་ཁ། ཨེ་ཀྭ་ཏོར། ཏི་ཝུན་ཤར་མ། སྨེ་ཁི་རོ་ནི་ཞི་ཡ། ཕ་ལེ་སི་ཐན། སི་རི་ལན་ཁ། སུའུ་ཏན། ཝུ་ཀན་ཏ་སོགས་རྒྱལ་ཁབ་བཅུ་གསུམ་ནས་ཡོང་བའི་མི་ཞེ་གཅིག་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་དུ་འཕགས་པའི་སྐྱེ་ཁམས་གོ་གནས་དང་ཟུང་འབྲེལ་བྱས་ནས་གསར་སྤེལ་བྱས་པའི་ཕྱོགས་མང་མཉམ་ལས་ལས་གཞི་ཞིག་ཡིན་ལ། ཆེད་དུ་མཚོ་སྔོན་སློབ་ཆེན་གྱི་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ནས་སློབ་ཁྲིད་བྱས་པ་དང་། དེའི་དམིགས་ཡུལ་ནི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ལ་རོགས་བྱས་ཏེ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་། ཉམས་མྱོང་བརྗེ་རེས་དང་ལག་རྩལ་མཉམ་ལས་ལ་སྐུལ་འདེད་བྱེད་པ། སློབ་མ་ཚོའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་དང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་རིགས་གཞུང་ཆུ་ཚད་དང་ལག་རྩལ་བཀོལ་སྤྱོད་ནུས་པ་མཐོར་འདེགས་བྱེད་རྒྱུ་དེ་རེད། རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྦྱོང་སྐབས་སུ་ད་དུང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ས་ཁུལ་དུ་ཡུལ་དངོས་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱ་འགུལ་ཡང་བཀོད་སྒྲིག་བྱས་ཡོད།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ