རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་དྲ་བ།        2015-08-28

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་མགོ་རྩོམ་པའི་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་པར་མ་ཟད་སྙན་ཞུ་ཕུལ།
 
      སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་དོན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་སྒོས་སྐྱེད་སྲིང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་མགོ་རྩོམ་པའི་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་པར་མ་ཟད་སྙན་ཞུ་ཕུལ།

ལིག་ཡུན་ཧྲན་གྱིས་སྙན་ཞུ་འབུལ་སྐབས་གསུངས་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་དང་མི་རིགས་ཀྱི་བླ་སྲོག་སྐྲུན་པའི་བྱ་བ་ཞིག་ཡིན་ལ། དེར་ཕན་འབྲས་རྒྱ་ཆེན་པོ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། གནས་བབ་བཟང་བོ་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་གཙོ་བོ་ཐག་གཅོད་བྱེད་པ། བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བཅས་བྱས་ཏེ། སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ནས། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་རྨང་གཞི་ཧུར་ཐག་སྒོས་ཇེ་བརྟན་དུ་གཏོང་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས་ན། ཐོག་མར་རིན་ཐང་ལྟ་བའི་རང་རྟོན་ཇེ་ཆེར་གཏོང་དགོས། དེ་ནི་མི་རིགས་སྙིང་སྟོབས་ཀྱི་རང་བཙན་རང་བཞིན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། ཕུགས་བསམ་དང་ཡིད་ཆེས་ནི་རིན་ཐང་ལྟ་བའི་ནང་དོན་གཙོ་བོ་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་སྒྲོག་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་ཏེ། མི་རྣམས་ཀྱིས་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པར་ཁྲིད་སྟོན་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། རང་ཉིད་ཀྱིས་འབྲེལ་འདྲིས་བྱེད་པའི་མང་ཚོགས་ཚོགས་པ་ཡོད་ཚད་ལ་སྔར་ལས་སྣེ་ཁྲིད་བཟང་བོ་བྱས་ནས། སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་པེ་ཅིན་ནས་ཚོགས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།