ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས།

    མཚོ་སྔོན་བོད་སྐད་རྒྱང་སྒྲོག    2015-08-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་ཆེད། ཉེ་ལམ། ཀྲུང་དབྱང་གིས་ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་གྲོས་ཚུགས་ལམ་ལུགས་འཛུགས་པར་ཆོག་མཆན་བཀོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གཏམ་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་གིས་ལམ་ལུགས་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པ་དང་། ཁྲིམས་སྲོལ་ལ་བརྟེན་ནས་ཏང་བཅོས་སྐྱོང་བྱེད་པར་ཧ་ཅང་མཐོང་ཆེན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གནས་བབ་གསར་བའི་འོག་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་ཐད་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གཏན་ལ་ཕབ་པས། ང་ཚོས་ཏང་ནང་གི་ཁྲིམས་སྲོལ་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ཟེར།

ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དེས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་མགོ་ཁྲིད་འོག་བྱ་བ་སྒྲུབ་དགོས་ལ། འགན་འཁྲི་གཙོ་བོ་ནི་ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བའི་ཇུས་གཞི་དང་ལོ་རེའི་བྱ་བའི་འཆར་གཞིར་ཞིབ་འཇུག་བྱེད་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་གཏན་འཁེལ་བྱ་བ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། གཏན་ལ་ཕབ་པའི་ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྲུང་དབྱང་ཏང་ནང་གི་ཁྲིམས་སྲོལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་བཅུ་བཞིའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།  ། 

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས་མགོ་བརྩམས།
  • ལེ་ཚན་རྗེས་མ།:《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས》པར་བསྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།