སི་ཁྲོན་གྱི་གྲོང་ཁྱེར་དང་རྫོང༣༥ཡིས་བོད་ཁུལ་དང་དབྱིས་གྱི་དབུལ་སྐྱོར་རྫོང་༤༥ལ་ཁ་གཏད་རོགས་སྐྱོར་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2016-08-30

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས21ཉིན་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་གྱིས་གོང་ཚེས་ཉིན《སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་དང་དབྱིས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་ལས་སྒྲུབ་འཆར་གཞི》བཏོན་ནས། ཕན་ཀྲི་ཧྭ་དང་ལུའུ་ཀྲོའུ་སོགས་གྲོང་ཁྱེར7དང་ཕན་ཀྲོའུ་གྲོང་ཁྱེར་དང་ཚུའེ་ཕིང་གྲོང་ཁྱེར་སོགས་རྫོང(གྲོང་ཁྱེར་དང་ས་ཁུལ)35ཡིས་བོད་ཁུལ་དང་དབྱིས་ཁུལ་གྱི་དབུལ་ཕོངས་རྫོང(གྲོང་ཁྱེར་དང་ས་ཁུལ)ཁྱོན་བསྡོམས45ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རེད།
འཆར་གཞིའི་ཐོག་བསྟན་དོན།  སི་ཁྲོན་གྱིས“7+20”ཡི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྤྱི་ཁོག་གི་སྲིད་ཇུས་མི་བསྒྱུར་བའི་རྨང་གཞིའི་ཐོག་དཔལ་འབྱོར་གྱི་རྨང་གཞི་ཡག་ཙམ་དང་།   ནོར་སྲིད་ཀྱི་འཇོན་ནུས་དྲག་ཙམ་གྱི་གྲོང་ཁྱེར་དང་རྫོང་གིས་བོད་ཁུལ་དང་དབྱིས་ཁུལ་གྱི་དབུལ་ཕོངས་རྫོང་དུ་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་སྤེལ་རྒྱུའི་གྲོས་ཐག་བཅད།
འཆར་གཞི་ཐོག་ཞིང་ཆེན་གྱི་བོད་ཁུལ་དང་དབྱིས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་ལས་འགན་ཁུར་བའི་གྲོང་ཁྱེར་དང་ས་ཁུལ་ལ་བོད་ཁུལ་གྱི་རྫོང(གྲོང་ཁྱེར)33གྱི་དབུལ་ཕོངས་གྲོང་ཚོ2063གྱི་ དབུལ་ཕོངས་མི་གྲངས་ཁྲི25.9 དབྱིས་ཁུལ་གྱི་དབུལ་ཕོངས་རྫོང(གྲོང་ཁྱེར)13གྱི་དབུལ་ཕོངས་གྲོང་ཚོ1930ཡི་དབུལ་ཕོངས་མི་གྲངས་ཁྲི44.9 ལྷག་པར་དུ་ཧ་ཅང་དབུལ་ཕོངས་ཀྱི་གྲོང་ཚོ188ཐམས་ཅད་ལ་རྫོང་རེ་རེ་དང་། གྲོང་ཚོ་རེ་རེ།  དུད་ཚང་རེ་རེ་བཞིན་དུ་ཞིབ་འཇུག་ཟབ་མོ་དང་། གནད་ལ་སྨིན་པའི་དབུལ་སྐྱོར་བྱེད་པ་དང་སྲིད་ཇུང་ལག་ལེན་བསྟར་ནས་དབུལ་ཕོངས་མང་ཚོགས་དབུལ་བྲལ་ཡོང་བར་ཁག་ཐེག་བྱ་དགོས་པའི་རེ་འདུན་ཞུས་པ་རེད།  
  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༼ ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མིར་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་འགའ་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ ༽པར་འགྲེམས་བྱས།
  • ལེ་ཚན་རྗེས་མ།:ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཤམ་བ་བྷལའི་དུས་ཀྱི་འཁོར་ལོའི་ལངས་གཟུགས་ཅན་གྱི་དཀྱིལ་འཁོར།
  • དོ་སྣང་ཆེ་བའི་རྩོམ།