གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

མཁས་གྲུབ་དང་དབྱང་ཁོ།        2015-08-14

གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

གསེར་རྟ་རྫོང་ནི་གེ་སར་གྱི་རིག་གནས་ཁྱབ་རྒྱ་ཆེ་ཞིང་། ལ་ལུང་རེ་ལ་གེ་སར་དང་འབྲེལ་བའི་རྗེས་ཤུལ་དང་གཏམ་རྒྱུད་མང་པོ་ཡོད་ལ།  གེ་སར་གྱི་སྒྲུང་པ་མང་བ་དང་གེ་སར་རིག་གནས་ཀྱི་ཞིབ་འཇུག་ཐད་གྲུབ་འབྲས་ཕུན་སུམ་ཚོགས་ཤིང་།  གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཡོངས་སུ་ཁྱབ་པའི་ས་གནས་ཤིག་ཡིན།

གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

ཟླ་བ8པའི་ཚེས11ཉིན་ནམ་མཁའ་གཡའ་དག་ཅིང་གཡུ་ལོའི་ཐགས་སུ་བཀྲ་བའི་གསེར་རྟའི་རྩྭ་ཐང་ཆེན་མོ་རུ་རྒྱལ་ཡོངས་གེ་སར་གཞུང་སྒྲུབ་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་། དཀར་མཛེས་ཁུལ་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། སི་ཁྲོན་ཞིང་ཆེན་གཟུགས་འདས་རིག་གནས་ཤུལ་བཞག་ལྟེ་གནས་དང་ཁམས་པའི་བརྙན་འཕྲིན་ཁང་།  དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཁང་།  གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་ཁུར་བའི་གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གཟབ་རྒྱས་ངང་ནས་སྤེལ།

གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

གེ་སར་རྣམ་ཐར་རྟ་རྒྱུག་རྒྱལ་འཇོག་དང་སྙན་ངག་གྱེར་འདོན་ལྷ་སྲས་ཇོ་རུ།  སྒྲ་སྙན་རྡུང་ལེན་སྟོད་གླིང་གསེར་བ་སོགས་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་དང་འབྲེལ་བའི་སྒྲུང་མགུར་དང་ཟློས་གར་སོགས་ཀྱིས་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱས།  ཕྱི་དྲོར་པེ་ཅིན་དང་མཚོ་སྔོན།  ཡུན་ནན་དང་རྔ་བ། དེ་བཞིན་ཞིན་ཅང་དང་ནང་སོག་སོགས་ནས་ཡོང་བའི་གེ་སར་རིག་གནས་ཀྱི་ཆེད་རམས་པ་དང་སྒྲུང་པ།  ཆེད་གདན་མི་སྣ་སོགས་མི་སྣ་མང་པོ་ལྷན་དུ་འཛོམས་ནས་གེ་སར་རིག་གནས་ཀྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། དགོང་མོར་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་འཁྲབ་སྟོན་ཁང་དུ་གེ་སར་གྱི་ཟློས་གར་འཁྲབ་སྟོན་བྱས་པ་རེད།

གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ནོར་བུ་དབང་འདུས་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་པོ།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་ཨུའི་དྲིལ་བསྒྲགས་པུའུའི་པུའུ་ཀྲང་བྱམས་བློ།  ཁུལ་ཨུའི་རྒྱུན་ཨུ།  གསེར་རྟ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཕིང་ཧྲན་སོགས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་རུ་ཞུགས་པ་རེད།

གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་རྟ་རུ་སྤེལ།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཐེན་ཅིན་པེན་ཧེ་ས་ཁུལ་གསར་བའི་རོས་ཧེ་ཀུང་ཟིའི་ཉེན་རྫས་མཛོད་ཁང་འགས་གཏོར་བྱུང་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་ཚོགས་འདུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།