ཁྲེང་ཏུའུ་ཡི་དབུལ་སྐྱོར་གསར་སྤེལ་གྱིས་དམིགས་འབེན་ཆེན་པོ་གསུམ་ལ་དམིགས་ཏེ་“གྲོང་ཚོ་བརྒྱ་དང་ཁྱིམ་དུད་ཁྲི”ཞེས་པའི་རོགས་སྐྱོར་བྱ་འགུལ་སྤེལ།

        2015-08-12

 ཁྲེང་ཏུའུ་ཡི་དབུལ་སྐྱོར་གསར་སྤེལ་གྱིས་དམིགས་འབེན་ཆེན་པོ་གསུམ་ལ་དམིགས་ཏེ་“གྲོང་ཚོ་བརྒྱ་དང་ཁྱིམ་དུད་ཁྲི”ཞེས་པའི་རོགས་སྐྱོར་བྱ་འགུལ་སྤེལ།

  ཚད་གཞི་མཐོན་པོའི་ངང་ནས་གྲོང་གསེབ་གྱི་དབུལ་ཕོངས་དེ་ལྟོས་བཅས་ཀྱིས་ཇེ་ཉུང་དུ་བཏང་བ་དང་། དབུལ་པོའི་ཚད་ཐིག་དེ་སྒོར་ཁྲི་གཅིག་གི་ཚད་དུ་གཏན་འཁེལ་བྱས། བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་དབུལ་ཕོངས་ལྟོས་བཅས་ཀྱིས་ཇེ་ཉུང་དུ་བཏང་བ་དང་། ཁྱོན་ཡོངས་ནས་སྒོ་ར་རྙིང་བ་དང་གྲོང་ཁྱེར་ནང་གི་གྲོང་ཚོ། སྤྱི་ཁྱིམ་ཁུལ་བསྒྱུར་བཀོད་ལ་སྐུལ་འདེད་བྱས། ཟླ་8ཚེས་10ཉིན། ཁྲེན་ཏུའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་《ཀྲུང་གུང་ཁྲེན་ཏུའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚད་གཞི་མཐོན་པོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་ལག་བསྟར་བསམ་འཆར།》ཞེས་པར་གྲོས་འཆམ་བྱུང་ཞིང་། སྔོན་དུ་ཚད་མཐོ་བའི་ངང་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལེགས་གྲུབ་བྱུང་སྟེ། སི་ཁྲོན་དེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
  ཞིང་གྲོང་གི་ལྟོས་བཅས་ཀྱི་དབུལ་ཕོངས་ཚད་མཐོན་པོས་ཇེ་ཉུང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ལྟོས་བཅས་ཀྱི་དབུལ་ཕོངས་ཤུགས་ཆེན་པོས་ཇེ་ཉུང་དུ་གཏོང་བ། བྱ་ཐབས་བརྟན་པོའི་ངང་ནས་ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་བྱེད་པ། 《ལག་བསྟར་བསམ་འཆར》ནང་དུ། ཁྲེན་ཏུའུ་ནས་དམིགས་ཚད་ལས་འགན་ཁག་གསུམ་ལ་དམིགས་ཏེ་ཕྱོགས་5ཡི་ནང་གི་བྱ་བ་གཙོ་ནད་ཁག་22གཏན་འཁེལ་བྱས་པ་རེད།
 

  • ལེ་ཚན་སྔོན་མ།:སྐབས་དགུ་པའི་ཀྲུང་གོའི་ཁྲང་ཁྲུན་དམངས་ཁྲོད་སྒྱུ་རྩལ་གྱི་དངོས་མང་འགྲེམ་ཚོགས་ཀྱི་དབུ་འཛུགས་མཛད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱན་ལུས་རྩལ་འགྲན་ཚོགས་ཨུག་ཨར་ཏོ་སི་ནས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།