ཀྲུང་གོ་བོད་ཀྱི་དྲ་བ། 2015-06-17
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་བཅས་ཀྱིས་མཉམ་སྒོས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་ན་གཞོན་ཆོས་ལུགས་ལས་རིགས་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་ཚོགས་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་ན་གཞོན་འཐུས་མི40ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ། སྐོར་ཞིབ་པ། ཞིང་ཆེན་བོད་ཁུལ་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལུའེ་ཀང་གིས་ཀྲང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་རྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ན་གཞོན་ཆོས་ལུགས་ལས་རིགས་པས་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་དགོངས་པ་དང《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད། སྤྱི་ཚོགས་བདེ་འཇགས་འགན་སྲུང་དང་རང་ཞིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།
ཐེངས་འདིའི་གསོ་སྦྱོང་ནི《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་སྐྲུན་ལག་བསྟར་རྩ་གནད》དང《མཚོ་སྔོན་གུང་གཞོན་ཚོགས་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་སྐྲུན2015ལོའི་བྱེད་སྒོ་ཇུས་གཞི》གཉིས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་ལོ་གསུམ་གྱི་རིང་ལ་རྨང་གཞི་བརྟན་པོ་འཛུགས་དགོས་པའི་ལས་འགན་ལེགས་འགྲུབ་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་ན་གཞོན་དཔུང་ཁག་འཛུགས་སྐྲུན་བྱེད་པའི་བྱེད་སྒོ་ཞིག་ཀྱང་ཡིན། གསོ་སྦྱོང་གི་ནང་དོན་ལ་རང་རྒྱལ་གྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་སོགས་བཀོད་སྒྲིག་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10