བོད་ལྗོངས་ཀྱི99%ལས་བརྒལ་བའི་སློབ་གྲྭར་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-07-14

བོད་ལྗོངས་ཀྱི99%ལས་བརྒལ་བའི་སློབ་གྲྭར་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་།རང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་བོད་ཡིག་སློབ་ཁྲིད་གཙོ་བོར་བཟུང་བའི་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་མ་ལག་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད་པ་རེད།ཞིང་འབྲོག་ཁུལ་ཡོངས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཆུང་ཁག་གཅིག་ཏུ་བོད་རྒྱ་སྐད་ཡིག་གཉིས་མཉམ་དུ་སློབ་ཁྲིད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཡོད་པ་དང་།སློབ་ཚན་གཙོ་བོ་བོད་ཡིག་ཐོག་ནས་འཁྲིད་ཀྱི་ཡོད་པ་དང་སྦྲགས་སློབ་འབྲིང་དུས་མཚམས་སུའང་བོད་རྒྱ་ཡིག་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་པ་དང་འབྲེལ་ནང་སའི་བོད་ལྗོངས་འཛིན་གྲྭར་བོད་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།ད་ཆ་ལྗོངས་ཡོངས་ཀྱི99%ལས་བརྒལ་བའི་སློབ་གྲྭར་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད་པ་དང97%ལས་བརྒལ་བའི་སློབ་མས་སྐད་ཡིག་གཉིས་ཀྱི་སློབ་གསོ་དང་ལེན་བྱེད་བཞིན་ཡོད་པ་དང་།སློབ་ཞུགས་གོང་ནས་སློབ་ཆེན་དུས་མཚམས་བར་གྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་སྤྱིར་ན་བསྐྲུན་ཟིན་པ་རེད།  །
 
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཉེན་འགོག་གནོད་སེལ་གྱི་ལས་ཀ་སྤེལ་གང་ཐུབ་བྱས།
  • ལེ་ཚན་རྗེས་མ།:སི་ཁྲོན་ཏང་གི་འཛུགས་སྐྲུན་གྱི་ཁྱབ་བསྒྲགས་འགྲེམ་སྤེལ་ལས་ཀའི་ཚོགས་འདུ་དང་ཏང་དེབ་ཚོགས་པའི་འཕྲིན་སྦྱོར་ཀུན་འདུས་ཐོན་རྫས་ཤར་གཏོང་བྱེད་པའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།