ཀྲུང་ནན་ཧྲན་གྱིས་ངས་འགོག་ཁབ་བརྒྱབ་ཟིན། ཚང་མས་གང་མགྱོགས་ངང་རིམས་འགོག་སྨན་ཁབ་རྒྱོབ་རོགས།

    མི་དམངས་དྲ་བ།    2021-05-18

 “ཉེ་ཆར་ངས་ཀྱང་རང་རྒྱལ་གྱིས་བཟོས་པའི་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ཟིན། ཚོར་བ་ཧ་ཅང་བཟང་། ཚང་མས་གང་མགྱོགས་ངང་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་རེ་བ་ཡོད། རྒྱལ་ཁབ་དང་འཛམ་གླིང་དང་། ད་དུང་མི་སྒེར་གྱི་ཆེད་དུ། ཏོག་གསར་རིམས་ནད་སྔོན་འགོག་བྱེད་པར་ནུས་པ་འདོན་དགོས་ཟེར།
     ཉེ་ཆར། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་འགོག་ཁབ་རྒྱག་པའི་བརྙན་ཐུང་ཞིག་བསྐུར་བ་དང་། ཁོང་གིས་བཤད་རྒྱུར། འདི་ནི་ཚོགས་པ་རིམས་ཐར་མངོན་འགྱུར་བྱེད་པའི་ཐབས་ལམ་ཞིག་རེད། རང་རྒྱལ་དུ་རིམས་འགོག་སྨན་ཁབ་རྒྱག་པའི་བསྡུར་ཚད་ཅུང་དམའ་པོ་ཡིན། མགྱོགས་མྱུར་གྱིས་འགོག་ཁབ་རྒྱག་ཚད་70%ནས་80%སོན་ཐུབ་པར་བརྩོན་ལེན་བྱེད་དགོས། རིམས་འགོག་སྨན་ཁབ་བརྒྱབ་རྗེས། ཀྲུང་ཡོན་ཧྲིས་ད་དུང་མཐེ་བོང་བསྒྲེངས་ནས་རིམས་འགོག་སྨན་ཁབ་ལ་“བསྟོད་བསྔགས”ཆེན་པོ་བྱས། དྲ་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་གང་མགྱོགས་ངང་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པ་བསྟན།

  • ལེ་ཚན་སྔོན་མ།:“མཁའ་དབྱིངས་ཀྱི་བར་ཁྱམས”ཀྱིས་གངས་ལྗོངས་ས་མཐོའི་ས་གནས་ཁ་ཐག་ཉེ་རུ་བཏང་བ།
  • ལེ་ཚན་རྗེས་མ།:ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་ལས་གྲྭས་ཆུ་ཤར་གཏོང་ཐུབ་ནས་ལོ་དྲུག་ལྷག་ཙམ་སོང་རིང་། ཐད་ཀར་མི་འབོར་ཁྲི7900ལ་དངོས་ཕན་ཐོགས་པ།
  • དོ་སྣང་ཆེ་བའི་རྩོམ།