2021-04-08
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གྱིས་ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་བཏང་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་མངོན་འགྱུར་བྱ་རྒྱུ། ཞིང་ལས་ཀྱི་སྤུས་ཀ་ཕན་འབྲས་དང་འགྲན་སློབ་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། རིག་ལྡན་གྱི་ཞིང་ལས་འཛུགས་སྐྱོང་བྱ་དགོས་ཞེས་གསལ་པོ་བཏོན་ཡོད་པ་རེད། ཞིང་ལས་ཁྱབ་ཁོངས་སུ་མི་མེད་ཅན་དང་མིའི་ཐབས་ལ་བརྟེན་ནས་རིག་ནུས་ལག་རྩལ་རི་ཁྲོད་དང་ཞིང་ཁའི་ནང་ཁྱབ་གདལ་བཏང་དང་གཏོང་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་རིག་ལྡན་ཞིང་ལས་ཁོངས་གཏོགས་ཀྱིས་གཞི་གྲངས་བསྡུ་རུབ་བྱས་པས་མ་ཚད་དབྱེ་ཞིབ་བྱས་ཏེ། ཞིང་དུད་ཀྱིས་ས་ཞིང་གི་ཁྱོན་ཡོངས་ཀྱི་ཆ་འཕྲིན་ཆ་རྒྱུས་དེ་བས་ཡག་པོ་བྱས་པ་དང་། ཞིང་ལས་ཐོན་སྐྱེད་དོ་དམ་འཆར་འགོད་གནད་དུ་སྨིན་ལ་ཚན་རིག་དང་མཐུན་པའི་རྣམ་པ་མངོན་འགྱུར་བྱུང་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེས་ཆེར་མཐོ་རུ་ཕྱིན་པ་རེད།
ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་མུའུ་ཧྲ་འབྲོག་ར་ཡིས་ལོ7རིང་ལ་བྱེ་ཐང་མུའུ་ཁྲི་ལ་ཉེ་བ་ལེགས་བཅོས་བྱས་ཡོད་པ་རེད། སྔོན་ཆད་མཐོ་ཚད་སྨི་བཅུ་ཕྲག་ཡོད་པའི་སྐོར་སྐྱོད་བྱེ་རི་བཅོས་སྐྱོང་ལེགས་བཅོས་བྱས་པར་བརྒྱུད་གཟན་རྩྭ་དང་མ་རྨོས་ལོ་ཏོག་འདེབས་འཛུགས་རྟེན་གཞིར་གྱུར་ནས་བྱེ་ཐང་བཞོན་མའི་སྤྲོ་སྐྱིད་གླིང་གར་གྱུར་པ་རེད།པར་འདི་ནི་ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་མུའུ་ཧྲ་འབྲོག་རའི་ལས་སྒྲུབ་མི་སྣས་རང་སྐོར་འགྲོ་བའི་འོ་མ་བཞོ་སའི་སྟེགས་བུའི་ཐོག་གི་འོ་མ་བཞོ་བཞིན་ཡོད་རེད།
པར་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ལྟེ་གནས་ཁུལ་ཧྲོའི་ཀུའོ་གྲོང་རྡལ་ཡེ་ཀང་གྲོང་སྡེའི་ལས་སྒྲུབ་མི་སྣས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྤྱད་དེ་ཞིང་ནང་རྩྭ་ལྡུམ་མེད་པ་བྱས་པའི་ཚུལ་རེད།
ཧྲན་ཞི་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཝ་རོང་རྫོང་ནན་ཀྲང་ཡུལ་ཤོག་ཐའེ་ཀྲའོ་གྲོང་སྡེའི་འབྲུ་འདེབས་དུད་ཚང་ལི་ཐིང་གིས་ངོ་སྤྲོད་བྱས་བྱས་དོན།ཞིང་ལས་འཕྲུལ་ཆསGPSཡིས་གནས་ཐིག་གཏན་འཁེལ་དང་། མི་མེད་གནམ་གྲུས་ཞིང་སྨན་གཏོར་བ། འཕྲུལ་ཆས་ཅན་གྱི་བརྔ་བསྡུ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་གནད་འགག་ཐུག་ས་སོ་སོར་ཁྱབ་པར་བརྟེན། སྔོན་ཆད་སོ་ནམ་ལས་ལ་རྩོལ་དུས་མྱོང་དགོས་པའི་དཀའ་ཚེགས་འདས་པའི་ལོ་རྒྱུས་སུ་གྱུར་ཡོད་པ་རེད།པར་འདི་ནི་ལི་ཐིང་གིས་ཡོ་བྱད་ལ་བརྟེན་ནས་མ་རྨོས་ལོ་ཏོག་གི་ཆུའི་འདུས་ཚད་ཚད་ལེན་བྱེད་བཞིན་པའི་ཚུལ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10