ཞིང་སའི་ནང་བརྒྱབ་པའི་ཁང་པ་དེ་བཤིག་དགོས།

    མི་དམངས་དྲ་བ་ནས་དྲངས།    2021-04-08

སྤྱི་ཟླ3ཚེས27ཉིན། ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཞུང་ཕྱོགས་དྲྭ་ཚུགས་ཐོག་ཞིང་སར་ཁང་པ་བསྐྲུན་པའི་དོན་རྐྱེན་ལ་ལན་བསློགས་པ་རེད།

ལན་བསློགས་ནས་བཤད་དོན། ཀྲུང་དབྱང་བརྙན་འཕྲིན་ཁང་གི《དཔལ་འབྱོར་ཆུ་ཚོད་ཕྱེད་ཀ》ཡི་ལེ་ཚན་ཐོག་བསྟན་པའི་ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཁུལ་གྱིས་ཁྲིམས་འགལ་ངང་ཞིང་ས་བཟུང་ནས་ཁང་པ་བརྒྱབ་པའི་གནད་དོན་ལ་དམིགས་ནས། ཞིན་དབྱང་གྲོང་ཁྱེར་གྱིས་དེ་ལ་མཐོང་ཆེན་བྱས་ཤིང་། འཕྲལ་མར་གྲོང་ཁྱེར་སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུས། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་སོགས་སྡེ་ཁག་ལས་གྲུབ་པའི་མཉམ་འབྲེལ་རྟོག་ཞིབ་ཚོགས་ཆུང་བཙུགས་ཏེ་རྟོག་ཞིབ་མགྱོགས་པོ་བྱས་ནས། ཁྲིམས་འགལ་གྱིས་ཞིང་ས་བཟུང་ནས་བརྒྱབ་པའི་ཁང་པ་མཐའ་དག་བཤིག་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གཞིགས་ནས་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་ལས་ཁུངས་དང་འགན་འཁུར་བ་ལ་འགན་འཁྲི་བདའ་འདེད་ནན་མོ་བྱ་རྒྱུ་ཡིན་པ་རེད།

ཞིན་དབྱང་གྲོང་ཁྱེར་གྱིས་ཞིང་ས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་དང་། ཁྲིམས་བསྟར་ལྟ་སྐུལ་དོ་དམ་ནན་པོ། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་བཀག་སྡོམ་དང་ཡོ་བསྲང་བཅས་བྱ་རྒྱུ་དང་། གནད་དོན་ལ་མི་གཡོལ་བར་རྩད་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་ཐུབ་པ་བྱས་ནས།འབྲུ་རིགས་ཉེན་མེད་རང་བདག་དབང་ཆ་མཐའ་གཅིག་ཏུ་བརྟན་སྲུང་དང་།ས་ཞིང་གི་དམར་ཐིག་དམ་སྲུང་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།



  • ལེ་ཚན་སྔོན་མ།: ས་ཞིང་གཏན་ནས་མི་འདེབས་པའི་ཞིང་པས་ད་ལྟ་ཞིང་འདེབས་པར་བྲེལ།
  • ལེ་ཚན་རྗེས་མ།:ཞིང་ལས་དེང་རབས་ཅན་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་གཏོད།
  • དོ་སྣང་ཆེ་བའི་རྩོམ།