སི་ཁྲོན་གྱི་ཞིང་པའི་གླ་པ་སྤོས་སྒྱུར་ལས་ཞུགས་བྱེད་ཚད་ཁྲི2579ལས་བརྒལ།

ཡེ་མགོན་གྱིས་བསྒྱུར།        2021-03-16

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ3པའི་ཚེས10འབྱོར་བའི་གློག་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་དོན། སྤྱི་ཟླ3པའི་ཚེས9ཉིན་བར་དུས་སླེབས་སྐབས། སི་ཁྲོན་ཞིང་ཆེན་གྱི་ལུགས་རྙིང་ལོ་གསར་བཏང་རྗེས་ལས་གནས་ཐོག་འབྱོར་མཁན་དང་བཟོ་ལས་བྱེད་མཁན་གྱི་ཞིང་པའི་གླ་པ་ཁྲི476.71ལ་ཟིན་པའི་ཐོག ལུགས་རྙིང་ལོ་གསར་སྐབས་སུ་ཕ་ཡུལ་ལ་འགྲོ་མེད་པས་མ་ཚད་ལས་ཀ་བསྐྱར་ཞུགས་བྱེད་མཁན་གྱི་ཞིང་པའི་གླ་པ་བསྣན་ན་སི་ཁྲོན་གྱི་ཞིང་པའི་གླ་པ་སྤོས་སྒྱུར་ལས་ཞུགས་བྱེད་ཚད་ཁྲི2579.87ལ་ཟིན་པས་ན་ནིང་གི་དུས་མཉམ་ལས་མི་ཁྲི867.95འཕར་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སི་ཁྲོན་གྱི་ཞིང་པའི་གླ་པར་ཞབས་ཕྱི་སྒྲུབ་སའི་དྲ་བ་དང་སྤྱི་པའི་ལས་ཞུགས་གདན་ཞུ་དྲ་བ་སོགས་སྲིད་གཞུང་གི་དྲྭ་ཚུགས་དང་གྲོང་ཁྱེར58ཀྱི་འབྲེལ་དྲྭ་ཀྱི་ལས་སྟེགས་བརྒྱུད་ནས་ཁེ་ལས་ལ་བཟོ་པ་མཁོ་བའི་ཆ་འཕྲིན་ཡོངས་བསྒྲགས་ཏེ་དྲྭ་ཐོག་གི་གདན་ཞུ་མཚམས་མི་འཇོག་པ་དང་ལས་ཞུགས་ཀྱི་ཞབས་ཕྱི་མཚམས་མི་འཇོག་པའི་རྣམ་པ་མངོན་འགྱུར་བྱུང་བ་རེད།

དེ་མིན།སི་ཁྲོན་གྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ངལ་རྩོལ་མཐུན་ཚོགས་ཀྱི་ནང་རྐྱེན་ལ་བརྟེན་པ་དང་།དེ་བཞིན་དུ་ན་ནིང་ལོར་ཀོང་ཏུང་དང་ཀྲེ་ཅང་སོགས་ཞིང་ཆེན(གྲོང་ཁྱེར)10དང་བཟོ་ལས་བྱེད་མཁན་གྱི་མི་སྣ་ཉེན་མེད་གོ་རིམ་ཡོད་པའི་སྒོས་ལས་གནས་ཐོག་ཕྱི་ལོག་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་མཉམ་ལས་བརྗེད་ཐོ་ལ་གཞིགས་ནས་མ་སྐུལ་དང་བླངས་ཀྱིས་ཀོང་ཏུང་དང་ཀྲེ་ཅང་སོགས་བཟོ་པ་མཁོ་བའི་ས་ཁུལ་ལ་འབྲེལ་བ་བྱས་ཏེ་ལས་ཞུགས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། །


  • ལེ་ཚན་སྔོན་མ།:སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བའི་མཚོ་སྔོན་ཡུལ་ཤུལ་དཀར་མདའ་གྲོང་སྡེ།
  • ལེ་ཚན་རྗེས་མ།:ཧྲའན་ཞི་ཨན་ཁང་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས།
  • དོ་སྣང་ཆེ་བའི་རྩོམ།