ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།

ཡེ་མགོན་གྱིས་འཚོལ་སྡུད་བྱས་ནས་བསྒྱུར།        2021-01-15

     

ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།

ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།
ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།

   ངག་རྒྱུན་དུ་བཤད་པ་ལྟར་ན།ཕུའུ་སྨི་རིགས་ཀྱིས་བྱ་རྒོད་ལ་སོགས་པའི་འདབ་ཆགས་རིགས་ཀྱིས་བཙན་འཛུལ་ཟིང་སློང་བྱེད་པ་ལ་གཡོལ་ཟུར་བྱ་ཆེད།བོད་ལྗོངས་མངའ་རིས་ནས་སྐྱོད་མགོ་ཚུགས་ཏེ་ཡུན་ནན་བརྒྱུད་ནས་སི་ཁྲོན་ལིའང་ཧྲན་ཁུལ་མུ་ལི་རྫོང་དུ་སླེབས། དེ་ནས་དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་ཆུ་ཆེན་འགྲམ་གྱི་ཡུག་སྦྲེལ་ཁུལ་དང་ཉུང་ཤས་ཤིག་མཐའ་གཏུག་ས་ལྔ་རོང་དང་སྦ་འུར་རོང་གི་ས་རྒྱུད་དུ་ཁྱིམ་གཞིས་ཆགས་པ་རེད། དུས་དེ་ནས་བཟུང་ཕུའུ་སྨི་བོད་རིགས་འདི་མི་རབས་ནས་མི་རབས་བར་རི་མཐོ་གཡང་གཟར་གྱི་གྲོག་རོང་ལུང་གཞུང་དུ་འཚོ་གནས་བྱས་ཤིང་། ཁོ་ཚོ་ས་གནས་དེར་གཞིས་ཆགས་ནས་ལོ་ཅི་ཙམ་འདས་ཡོད་པ་ནི་སུས་ཀྱང་གཏན་འཁེལ་བྱེད་ཐབས་མེད་མོད། འོན་ཀྱང་གཏན་འཁེལ་བྱེད་ཆོག་པ་ཞིག་ནི་ཨ་མེ་རི་ཁའི་ཉེན་རྟོག་མྱུལ་དཔྱད་དང་ཡུལ་སྐོར་བ་སེ་ཧྥུ་ལུའོ་ཁེ་ཡིས1928ལོར་ས་གནས་དེར་འབྱོར་མྱོང་བས་མ་ཚད། ཨ་མེ་རི་ཁའི《རྒྱལ་ཁབ་ས་ཁམས》དུས་དེབ་ཐོག“འཛམ་གླིང་ཐོག་ཆེས་མཛེས་པའི་ས་གནས”ཞེས་པའི་ཡིག་འབྲུ་ཁ་འདི་འདྲ་ཞིག་བཀོད་མྱོང་བ་རེད།

ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།
ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།

      ལུའོ་ཁེ་འགྲོ་མྱོང་བའི་ས་གནས་ནི་ས་ལྔ་རོང་ཡུལ་ཤོག་གི་འབུར་མཐོ་ཟེར་བ་འདི་ནི་མི་ཚང་མས་ཤེས་པའི་མི་ཡུལ་གྱི་སྦས་ལུང་ཡིན་ཞིང་། འབུར་མཐོ་ལ་ངོ་མཚར་རྨད་དུ་བྱུང་བའི་ཁྱད་ཆོས་ལྔ་ཡོད་པ་སྟེ། རི་དང་མཚེའུ། གྲོག་རོང་།གྲོང་སྡེ།དགོན་པ་བཅས་རེད། རི་ནི་ས་གནས་དེ་གའི་མི་ཚོས་གཞི་བདག་ཏུ་གསོལ་མཆོད་བྱས་པའི་མུ་ཏིག་གངས་རི་དང་མཚེའུ་ནི་གཞི་བདག་གི་རི་འདབས་སུ་ཡོད་པའི་མུ་ཏིག་མཚེའུ། གྲོག་རོང་ནི་ཉག་ཆུ་འབབ་རྒྱུད་ཀྱི་གྲོག་རོང་སྔོ་ཟླ་གཞོང་ས། གྲོང་སྡེ་ནི་འབུར་མཐོ་ནུབ་རྒྱབ་ཀྱི་སྐྱེད་ཚལ་ཕུའུ་སྨི་གྲོང་སྡེ། དགོན་པ་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་འབུར་མཐོ་དགོན་པ་བཅས་ཡིན་པ་རེད།

ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།
ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།

      མུ་ཏིག་གངས་རི་ཡིས་ལོ་འཁོར་ཡོངས་སུ་རབ་དཀར་ཁ་བའི་ཅོད་པན་བཞེངས་པ་ནི་བརྗིད་ཉམས་ཡིད་དུ་འོང་ཞིང་། དྲོད་ཁོལ་ཁེངས་པའི་ཉི་འོད་རི་འདབས་ཀྱི་མཚེའུ་ངོས་སུ་འཕྲོ་སྟེ་བསིལ་རླུང་ལྡང་ཕྱོགས་དང་འགྲོགས་ནས་མུ་ཏིག་གྲངས་མེད་ཀྱི་རླབས་ཕྲེང་གཉེར་རིས་རྒྱུ་བའི་རིགས་སུ་མཐུན། ལུང་གཞུང་དུ་ཆགས་པའི་འབུར་མཐོ་དགོན་པས་སི་ཁྲོན་ནས་ཡུན་ནན་གྱི་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་གནའ་དེང་བར་གྱི་འགྱུར་ལྡོག་བརྟན་སྲུང་བྱས་པ་ནི་ལོས་ཡིན། དགོན་པའི་ནང་གི་ལྡེབས་རིས་ལོ་བརྒྱ་ཕྲག་མང་པོར་བརྒྱུད་ཡོད་ནའང་སྔར་བཞིན་གསོན་ཉམས་དོད་པོ་མངོན་བཞིན་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་སང་ལོའི་ལོ་སྟོད་ལ་བར་སྣང་ས་ཚུགས་ཀྱི་གཙོ་ཤག་འཕུར་གྲུ་འཕེན་གཏོང་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།
  • དོ་སྣང་ཆེ་བའི་རྩོམ།