རང་རྒྱལ་གྱིས་སང་ལོའི་ལོ་སྟོད་ལ་བར་སྣང་ས་ཚུགས་ཀྱི་གཙོ་ཤག་འཕུར་གྲུ་འཕེན་གཏོང་བྱ་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2021-01-14

     རང་རྒྱལ་གྱིས2021ལོའི་ལོ་སྟོད་དུ་བར་སྣང་ས་ཚུགས་ཀྱི་གཙོ་ཤག་འཕེན་གཏོང་བྱ་རྩིས་ཡོད་པ་དང་དེའི་རྗེས་ལྷ་གྲུ་ཨང་གཉིས་པའི་ཟོག་འདྲེན་འཕུར་གྲུ་དང་ལྷ་གྲུ་ཨང་བཅུ་གཉིས་པའི་མི་བཞུགས་འཕུར་གྲུ་མུ་མཐུད་དེ་འཕེན་གཏོང་བྱ་རྩིས་ཡོད་པ་རེད། མིག་སྔར་གཙོ་ཤག་གི་ཚོད་ལྟའི་ལས་དོན་ཚང་མ་སྤྱིར་ན་ལེགས་སྒྲུབ་ཟིན་པ་དང་འཕུར་སྐྱོད་པ་ཚོགས་ཆུང་ཡང་བདམས་ཟིན་ཞིང་ལས་འགན་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།

     2020ལོའི་ཟླ་བ12ཚེས25ཉིན། ལྷ་གྲུ་རྟགས་ཅན་བཅུ་པའི་མི་བཞུགས་འཕུར་གྲུ་ཕྱིར་ལོག་གྲུ་ཚང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཧུའུ་ནན་ཧྲའོ་ཧྲན་དུ་འཚོགས་ཤིང་། ཀྲུང་གོའི་མི་བཞུགས་འཕུར་སྐྱོད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་རམས་པ་ཀྲོའུ་ཅན་ཕིང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཐོག་རང་རྒྱལ་གྱིས་འདི་ལོའི་ལོ་སྟོད་དུ་ཧའེ་ནན་ཝུན་ཁྲང་དུ་རྒྱང་སྐྱོད་ཨང་ལྔ་པའིBཡའོ་ཨང་གཉིས་པའི་མི་ཤུགས་འཕུར་མདའ་ལ་བརྟེན་ནས་བར་སྣང་ས་ཚུགས་ཀྱི་གཙོ་ཤག་འཕེན་གཏོང་བྱ་རྒྱུ་དང་། གཙོ་ཤག་འཕེན་གཏོང་བྱས་ནས་འཁོར་ལམ་དུ་སླེབས་རྗེས། ང་ཚོས་ད་དུང་གཅིག་རྗེས་གཉིས་མཐུད་ངང་ལྷ་གྲུ་ཨང་གཉིས་པའི་ཟོག་འདྲེན་འཕུར་གྲུ་དང་ལྷ་གྲུ་ཨང་བཅུ་གཉིས་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། བར་སྣང་ས་ཚུགས་ཀྱི་འགག་རྩའི་ལག་རྩལ་ཚོད་ལྟ་ར་སྤྲོད་བྱེད་པའི་དུས་མཚམས་སུ་བར་སྣང་ས་ཚུགས་ཀྱི་ལག་རྩལ་གསར་པར་ཁྱོན་ཡོངས་ནས་ཚོད་ལྟ་ར་སྤྲོད་བྱ་རྒྱུ་ཡིན་ཞིང་། དཔེར་ན། བསྐྱར་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལག་རྩལ་དང་འཕྲུལ་ཆས་དཔུང་པའི་ལག་རྩལ་སོགས་རེད། འཕུར་སྐྱོད་པས་ད་དུང་བར་སྣང་ཁམས་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་མང་སྤེལ་རྒྱུ་ཡིན་པ་རེད།

      2017ལོར་བར་སྣང་ཚོད་ལྟ་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ཆབས་ཅིག་ཀྲུང་གོའི་མི་བཞུགས་འཕུར་སྐྱོད་ལས་གྲྭའི་གོམ་སྟབས་གསུམ་པའི་ལས་འགན་ནི་བར་སྣང་ས་ཚུགས་བསྐྲུན་རྒྱུ་ཁྱོན་ཡོངས་ནས་སྤེལ་བ་དང2022ལོའི་སྔ་རྗེས་སུ་བར་སྣང་ས་ཚུགས་སྐྲུན་རྩིས་ཡོད་པ་རེད། འཕུར་སྐྱོད་ལས་འགན་གྱི་འཆར་འགོད་གཞིར་བཟུང་ན་བར་སྣང་ས་ཚུགས་སྐྲུན་རྒྱུ་དེ་དུས་མཚམས་གཉིས་སུ་ཕྱེས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་འགག་རྩའི་ལག་རྩལ་ཚོད་ལྟ་ར་སྤྲོད་བྱེད་པའི་དུས་མཚམས་སུ་ལྟེ་བའི་གྲུ་ཤག་འཕེན་གཏོང་སོགས་འཕུར་སྐྱོད་ལས་འགན་ཐེངས6བཀོད་སྒྲིག་བྱས་ཡོད།

     1992ལོར་ཏང་ཀྲུང་དབྱང་གིས་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གོམ་སྟབས་གསུམ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

  • ལེ་ཚན་སྔོན་མ།:སི་ཁྲོན་གཤོང་སར་ལོའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར300ལ་ཟིན་པའི་རླངས་ཆེན་ཁུལ་བསྐྲུན།
  • ལེ་ཚན་རྗེས་མ།:ལུང་གཞུང་རི་ཁྲོད་དུ་འཚོ་གནས་བྱས་པའི།ཕུའུ་སྨི་རིགས།
  • དོ་སྣང་ཆེ་བའི་རྩོམ།