རང་རྒྱལ་གྱི་ཚོང་སྤྱོད་མི་མེད་གནམ་གྲུས་གོ་ལ་ཧྲིལ་པོའི་ཁྲོམ་རའི་བཅུ་ཆ་བརྒྱད་ཟིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-01-04

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་དམངས་སྤྱོད་མི་མེད་གནམ་གྲུའི་ཐོན་ལས་བྱ་འཕུར་བ་ལྟར་གོང་འཕེལ་བྱུང་ཞིང་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཁྲོད་བཅད་གྲངས་བཅུ་ཆ་བརྒྱད་ཟིན་གྱི་ཡོད། དེ་ནི་པར་རིས་གསལ་འབྱེད་སོགས་མི་ཐབས་རིག་ནུས་ལག་རྩལ་གོང་འཕེལ་བཏང་བ་ལས་བྱུང་བ་དང་། མིག་སྔར་མི་མེད་གནམ་གྲུ་བེད་སྤྱོད་བྱ་ཡུལ་ཡང་སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་། མཐོང་ཐུབ་པ་ནས་གོ་ཐུབ་པའི་བར་འགྱུར་བ་འགྲོ་བཞིན་ཡོད་པ་རེད།

ཉིན་ཤས་རིང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་གྲང་ངར་ཆེ་རུ་སོང་ཞིང་། གློག་འདོན་ལས་ཁུངས་ཀྱིས་གློག་སྐུད་ཉམས་གསོ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། ཅང་ཁྲོན་ནི་རྒྱལ་ཁབ་གློག་དྲའི་ཅིན་ཧྭ་གློག་འདོན་ཀུང་སིའི་གློག་འདྲེན་ཞིབ་བཤེར་ལྟེ་གནས་ཀྱི་གློག་སྐུད་སྐོར་ཞིབ་པ་ཞིག་ཡིན་པ་དང་། ཁོང་གིས་མི་མེད་གནམ་གྲུ་སྤྱད་དེ་ཝུའུ་ཁྲེང་ཁུལ་ཧྲ་ཧྥན་ཤང་ཁོངས་ཀྱི་འཁྱག་པ་ཐེབས་སླ་བའི་གློག་སྐུད་ལམ་ཐིག་ཁག་གཅིག་ལ་ཞིབ་བཤེར་བྱེད་བཞིན་ཡོད།

མི་ཐབས་རིག་ནུས་ཐོག་མི་མེད་གནམ་གྲུ་སྣོན་པའི་བེད་སྤྱོད་ཁྱབ་རྒྱ་ཆེ་ཤོས་ནི་མིས་སྐྱོད་ཐབས་བྲལ་བའི་ས་ཆ་ཁག་གཅིག་ལ་ལས་འགན་སྒྲུབ་རྒྱུ་དེ་རེད། སྤྱི་ལོ་2020ལོའི་ཟླ་3པར། སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་ཞི་ཁྲང་གྲོང་ཁྱེར་དུ་ནགས་ཚལ་གྱི་མེ་སྐྱོན་བྱུང་ཡོད། སྐབས་དེར་མི་མེད་གནམ་གྲུ་མང་པོ་ཞིག་མེ་སྐྱོན་བྱུང་སར་བཏང་ནས་མེའི་གནས་ཚུལ་ལ་ལྟ་ཞིབ་དང་། མེ་སྐྱོན་བྱུང་ས་གནད་ལ་འཕིགས་པོས་གཏན་འཁེལ་བྱེད་པ། མེ་སྐྱོན་བྱུང་བའི་གཞི་ཁྱོན་ཚད་འཇལ་སོགས་བྱས་པ་མ་ཟད། ལྟ་ཞིབ་ཚད་ལེན་བྱས་པའི་ཆ་འཕྲིན་འཕྲལ་མར་ཞི་ཁྲང་བཀོད་འདོམས་ལྟེ་གནས་སུ་ཕྱིར་སྐྱེལ་བྱས་ཡོད་པ་རེད།

ཁྲེང་ཏུའུ་ཙུང་ཧེང་རང་འགུལ་ཅན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཝང་ཁྲེན་གྱིས། བཟོ་ལས་མི་མེད་གནམ་གྲུས་ལས་འགན་གྲུ་ཁང་མི་འདྲ་བ་ཁྱེར་ནས་ས་ངོས་པར་རིས་སམ་ཡང་ན་བརྙན་མཐོང་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། མི་ཐབས་རིག་ནུས་ལག་རྩལ་འབོར་ཆེན་སྤྱད་པ་བརྒྱུད། དེ་སྔ་མིས་བརྡར་གཅོད་བྱེད་པ་ནས་ད་ཆ་མི་ཐབས་རིག་ནུས་ལ་བརྟེན་ནས་བརྡར་ཤ་གཅོད་ཀྱི་ཡོད་པས། མིའི་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་རྗེས་མི་རྣམས་ཀྱི་བཀོད་ཇུས་འདོན་རྒྱུ་སྔར་ལས་ལྷག་པར་འགྱུར་ཡོད་ཅེས་བསྟན་ཡོད།

གྲངས་གཞི་ལས་མངོན་པར། མིག་སྔར། ཀྲུང་གོའི་འཛད་སྤྱོད་རིམ་པའི་མི་མེད་གནམ་གྲུས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོག་བརྒྱ་ཆ་74ཟིན་པ་དང་། བཟོ་ལས་རིམ་པའི་མི་མེད་གནམ་གྲུས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོག་བརྒྱ་ཆ་55ཟིན་ཡོད། ཝང་ཁྲེན་གྱིས། འབྱུང་འགྱུར་ཀྲུང་གོའི་མི་མེད་གནམ་གྲུའི་ཐོན་སྐྱེད་ཁེ་ལས་ལ་སྔར་བཞིན་གོང་འཕེལ་གཏོང་གཞི་ཆེན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:2021ལོར་རང་རྒྱལ་གྱིས་5Gསྦྲེལ་ཚུགས་ཁྲི་60ལྷག་ཙམ་གསར་དུ་བསྐྲུན་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།